ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་རུའེ་ལི་གྲོང་ཁྱེར་གྱི་ས་ཁུལ་ཞིག་ཉེན་ཁ་འབྲིང་ཙམ་གྱི་ས་ཁུལ་ནས་ཉེན་ཁ་ཆུང་བའི་ས་ཁུལ་དུ་སྒྱུར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས15ཉིན། ཡུན་ནན་ཞིང་ཆེན་རུའེ་ལི་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ་ཡིས་བརྡ་ཁྱབ་སྤེལ་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱིས་འབྲེལ་ཡོད་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཆུས་བཀར་རིམ་བཀར་བྱས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་གཏན་འབེབ་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་མཁས་པས་དཔྱད་དཔོག་བྱས་པ་བརྒྱུད། 2021ལོའི་ཟླ9བའི་ཚེས15ཉིན་གྱི་དུས་ཚོད8:00ནས་བཟུང་། རུའེ་ལི་གྲོང་ཁྱེར་མེང་མའོ་གྲོང་རྡལ་ཅེ་ཏུང་སྡེ་བའི་ཨུ་ཡོན་ལྷན་ཁང་ཏཱ་ཏིན་ཧི་སྡེ་བ་ཉེན་ཁ་འབྲིང་ཙམ་གྱི་ས་ཁུལ་ནས་ཉེན་ཁ་ཆུང་བའི་ས་ཁུལ་དུ་སྒྱུར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།