ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་དངོས་མང་སྟོན་ཚོགས་སྐབས་བཅུ་གསུམ་པ་ཟླ9པའི་ཚེས28ཉིན་འཚོགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱུས་ལོན་ལྟར་ན། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་དངོས་མང་སྟོན་ཚོགས(ཀྲུང་གོའི་མཁའ་འགྲུལ་འགྲེམ་སྟོན་ཞེས་བསྡུས་ཡོད)སྐབས་བཅུ་གསུམ་པ་ཟླ9པའི་ཚེས28ཉིན་ནས་ཟླ10པའི་ཚེས3ཉིན་བར་ཀོང་ཏུང་ཀྲུའུ་ཧའེ་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམས་སྟོན་ལྟེ་གནས་སུ་འཚོགས་རྒྱུ་རེད།

ཐེངས་འདིའི་མཁའ་འགྲུལ་འགྲེམས་སྟོན་ནི་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུའུ་དང་། རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུའུ། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ། ཀོང་ཏུང་ཞིང་ཆེན་སྲིད་གཞུང་སོགས་ཀྱི་གཙོ་སྒྲུབ་བྱས་པ་ཡིན་ལ། དྲ་ཐོག་དང་ཡུལ་དངོས་ཀྱི་རྒྱལ་ཁབ་དང་ས་ཁུལ40ལྷག་གི་ཁེ་ལས700འགྲེམ་སྟོན་ཁྲོད་ཞུགས་རྒྱུ་དང་། འགྲེམ་ཁང11ཡོད་དེ། འགྲེམ་ཁང་གི་འགྲེམ་སྟོན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི10ལ་ཟིན་ཡོད། འགྲེམ་ཁང་ཕྱི་རོལ་གྱི་འགྲེམ་སྟོན་གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི36ཟིན་པ་དང་། འགྲེམ་སྟོན་ལ་ཞུགས་པའི་གནམ་གྲུ100ལས་བརྒལ་ཡོད། དེ་དང་ཆབས་ཅིག་སྐབས་འདིའི་མཁའ་འགྲུལ་འགྲེམ་སྟོན་གྱིས་ལས་རིགས་ཞིབ་དཔྱོད་ལྟར། དམངས་སྤྱོད་མཁའ་འགྲུལ་ཐོན་ལས་དང་དམག་དམངས་གཉིས་སྤྱོད་ཀྱི་ལག་རྩལ། མཁའ་འགྲུལ་བཟོ་སྐྲུན་གྱི་ལེ་ལག་ཚང་སྒྲིག་སོགས་འགྲེམས་ཁུལ་འཛུགས་རྒྱུ་ཡིན་པ་མ་ཟད། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དང་རྒྱལ་སྲུང་བཟོ་ལས་སོགས་ཁྱབ་ཁོངས་ལ་དམིགས་ནས་འབྲེལ་ཡོད་གླེང་སྟེགས་དང་གྲོས་ཚོགས། འོས་སྦྱོར་ཚོགས་འདུ་སོགས་ལས་རིགས་ཀྱི་སྤེལ་རེས་བྱེད་སྒོ་ཐེངས100ལྷག་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།