ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པ་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་དང་ཚན་རྩལ་པུའུ། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས། ཀྲུང་གོ་རྩོམ་པ་སོ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་ཟིས་སྒྲུབ་འགན་འཁུར་བའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པ་མགོ་བརྩམས་པ་དང་། ཕ་ཁི་སི་ཐན་གྱིས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་འཁུར་ཡོད།

ཐེངས་འདིའི་དཔེ་དེབ་དངོས་མང་སྟོན་ཚོགས་ཀྱིས་ཡུལ་དངོས་ཀྱི་འགྲེམ་ཚོགས་གཙོ་བྱས་ཏེ། དྲ་ཐོག་གི་ལས་སྟེགས་ཆ་འགྲིག་དང་། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས་སྤེལ་ཡོད་པས། འཛམ་གླིང་ཡོངས་ཀྱི་རིམས་ནད་གནས་ཚུལ་འོག་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱིས་འགྲེམ་སྟོན་སླར་གསོ་བྱས་པའི་རྒྱལ་སྤྱིའི་དཔེ་དེབ་འགྲེམ་སྟོན་ཆེན་མོ་ཐོག་མ་རུ་གྱུར། དཔེ་དེབ་དངོས་མང་སྟོན་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྤུས་ལེགས་དཔེ་སྐྲུན་འགྲེམ་སྟོན་ཆེད་དུ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཀྲུང་ཧྭ་དཔེ་དེབ་དམིགས་བསལ་བྱས་རྗེས་བཞག་པའི་བྱ་དགའ་གནང་བའི་མཛད་སྒོ་ཐེངས་བཅོ་ལྔ་བ་བསྡུ་རྒྱུ་ཡིན་ལ།  ཕ་ཁི་སི་ཐན་གྱིས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱ་འགུལ། པེ་ཅིང་དཔེ་སྐྲུན་མཐོ་རིམ་གྲོས་ཚོགས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དཔེ་སྐྲུན་མནའ་འབྲེལ་གླེང་སྟེགས་སྐབས་བཞི་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔེ་སྐྲུན་མཉམ་ལས་ཚོགས་པའི་གླེང་སྟེགས་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།