ཀྲུང་གོ་བོད་ཀྱི་དྲ་བ།

སྐབས130པའི་ཀོང་ཀྲོའུ་བརྗེ་རེས་ཚོགས་འདུ་ཐེངས་དང་པོར་དྲ་སྟེང་དང་ཡུལ་དངོས་མཉམ་འདྲེས་ཀྱི་སྒོ་ནས་བསྒྲུབ་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས14ཉིན། ཚོང་དོན་པུའུ་ཡི་པུའུ་ཀྲང་རེན་ཧོང་པིན་གྱིས་བསྟན་དོན། དེང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་ལ་དམིགས་ནས་སྐབས130པའི་ཀོང་ཀྲོའུ་བརྗེ་རེས་ཚོགས་འདུ་ཐེངས་དང་པོར་དྲ་སྟེང་དང་ཡུལ་དངོས་མཉམ་འདྲེས་བྱས་ནས་བསྒྲུབ་རྒྱུ་དང་། ཚོགས་ཡུན་ཉིན5ཡིན་ལ། ཚོང་རྫས་རིགས16ལ་འགྲེམ་ཁུལ51བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་ཡུལ་དངོས་ཀྱི་འགྲེམ་སྟོན་བྱེད་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི40ལྷག་ལ་ཟོང་རྟགས་ཁེ་ལས་གྱི་འགྲེམ་སྟོན་བྱེད་གནས་གཙོ་བོ་རུ་བཀོད་སྒྲིག་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ལ་སྐུལ་འདེད་བྱ་རྒྱུ་དང་། དྲ་སྟེང་ནས་སྔར་བཞིན་འགྲེམ་གནས་ཁྲི6ལྷག་བཀོད་སྒྲིག་བྱས་ཏེ་མུ་མཐུད་དུ་ཁེ་ལས་ཁྲི2.6དང་འཛམ་གླིང་གི་ཉོ་སྒྲུབ་ཚོང་བ་རྣམས་ལ་དྲ་སྟེང་ནས་ཉོ་ཚོང་མཉམ་ལས་དང་བརྗེ་རེས་བྱེད་སའི་གར་སྟེགས་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།