ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མགོ་ཚུགས་མཛད་སྒོ་ཚེས15ཉིན་གྱི་དགོང་མོ་ཞི་ཨན་དུ་སྤེལ་རྒྱུ་རེད།

ཞི་ཅིང་ཕིང་མགོ་ཚུགས་མཛད་སྒོར་ཞུགས་ཏེ་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པ་ཁྱབ་བསྒྲགས་གནང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མགོ་ཚུགས་མཛད་སྒོ་ཚེས15ཉིན་གྱི་དགོང་མོ་ཞི་ཨན་དུ་སྤེལ་རྒྱུ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིང་ཕིང་མགོ་ཚུགས་མཛད་སྒོར་ཞུགས་ཏེ་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་རྩོམ་པ་ཁྱབ་བསྒྲགས་གནང་རྒྱུ་རེད།

སྐབས་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་བས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་ཞིང་། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོ་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱོད་སྣེ། ཞིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ། ཀྲུང་དབྱང་བརྙན་འཕྲིན་གྱི་སྤྱོད་སྣེ་སོགས་སྨྱན་བྱད་གསར་བའི་སྟེགས་བུས་དུས་མཉམ་དུ་བརྒྱུད་བསྒྲགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།