ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུས་ལིན་གྲོང་ཁྱེར་སུའེ་ཏེ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་། ཁོང་སྔ་གཞུག་ཏུ་ཀྲུང་གུང་སུའེ་ཏེ་ས་གནས་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དང་། སུའེ་ཏེ་ཚོད་ལྟའི་སློབ་འབྲིང་། སུའེ་ཏེ་རྫོང་གཟུགས་འདས་ཤུལ་བཞག་རིག་གནས་བཤམས་སྟོན་ཁང་། ཀྲང་ཅ་པན་གྲོང་རྡལ་ཧོ་ཅ་ཆའོ་སྡེ་བ་བཅས་སུ་ཕེབས་ཏེ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ཏེ་ཡུལ་དངོས་སུ་རྟོག་ཞིབ་གནང་། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཞི་ཅིན་ཕིང་གིས་སུའེ་ཏེ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་།