ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་བརྟག་དཔྱད་ཞིབ་འཇུག་གནང་། ཁོང་སྔ་གཞུག་ཏུ་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཡུས་ལིན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟི་དང་། སྨི་ཀྲི་རྫོང་དབྱིན་ཀྲོའུ་སྲང་ལམ་ཀའོ་ཞི་ཀོའུ་སྡེ་བ་དང་དབྱང་ཅ་ཀོའུ་གསར་བརྗེ་གནས་རྙིང་བཅས་སུ་ཕེབས་ཏེ། འཁོར་རྒྱུག་དཔལ་འབྱོར་གྱི་རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད་དང་། ས་ཆུ་ཤོར་བའི་བཅོས་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། གསར་བརྗེ་གནས་རྙིང་སྲུང་སྐྱོབ་དང་བེད་སྤྱོད། གསར་བརྗེའི་ཁྲག་རྒྱུན་རྗེས་མཐུད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཞི་ཅིན་ཕིང་གིས་ཧྲའན་ཞི་ཡུས་ལིན་དུ་རྟོག་ཞིབ་གནང་།