མི་སྤྱི་པུའུ་ཡིས་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་བྱ་འགུལ་སྤེལ་མགོ་བརྩམས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བརྡ་སྦྱོར་བཏང་ནས2021ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས་པ་དང་། ཟླ9པའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་བརྩེ་སེམས་ཀྱིས་ལང་ཚོའི་གསོན་ཤུགས་ལ་རོགས་འདེགས་བྱེད་ཅེས་པ་བརྗོད་དོན་དུ་བཟུང་སྟེ། ལས་ཞུགས་མ་ཐུབ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་གཅིག་བསྡུ་སྒོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།

བརྡ་སྦྱོར་ལས་ཞབས་ཞུའི་མཁྲེགས་གཏོར་ལག་བསྟར་བྱེད་པ་བརྒྱུད། ལས་ཞུགས་རེ་འདུན་ཡོད་པའི2021ལོའི་མཐོ་རིམ་སློབ་གྲྭའི་ལས་ཞུགས་མ་ཐུབ་པའི་མཐར་ཕྱིན་སློབ་མར་ལས་ཞུགས་ཞབས་ཞུ་རྒྱུན་མཐུད་ངང་འདོན་སྤྲོད་བྱེད་པར་ཁག་ཐེག་བྱས་ཏེ། ལས་ཞུགས་རེ་འདུན་ཡོད་པའི་ལས་ཤོར་ན་གཞོན་ལ་དུས་ལྟར་ཁ་གཏད་རང་བཞིན་གྱི་ལས་ཞུགས་རོགས་སྐྱོར་བྱེད་པ་དང་། ན་གཞོན་ལས་ཤོར་ཆུ་ཚད་གཏན་འཇགས་ཁྲོད་མར་ཆག་པ་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།