ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི5Gསྤྱོད་སྣེ་འབྲེལ་མཐུད་བྱེད་ཚད་འཛམ་གླིང་གི80%ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་ཞའོ་ཡཱ་ཆིན་གྱིས་རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རང་རྒྱལ་དུ་འཛམ་གླིང་སྟེང་གཞི་རྒྱ་ཆེས་ཆེ་བའི་འོད་འགྱེད་ཚི་སྐུད་དང་སྤོ་འགུལ་འཕྲིན་གཏོང་གི་དྲ་རྒྱ་བཙུགས་ལ། 5Gསྦྲེལ་ཚུགས་དང་སྤྱོད་སྣེ་འབྲེལ་མཐུད་བྱེད་ཚད་སོ་སོ་འཛམ་གླིང་གི70%དང80%ལས་བརྒལ་ཡོད། 5Gཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སོང་བ་དང5Gལག་ཁྱེར་ཁ་པར་གྱི་ཐོན་རྫས་མགྱོགས་མྱུར་སྒོས་ཕྱོགས་སོ་སོར་ཁྱབ་ཡོད། ཚོགས་ཐོག་ནས་བསྒྲགས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ1པོ་ནས8པའི་བར་རྒྱལ་ནང་གི5Gལག་ཁྱེར་ཁ་པར་གྱི་ཐོན་ཚད་དུང་ཕྱུར1.68ལ་སླེབས་ཤིང་དེ་དུས་མཉམ་ལས80འཕར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།