ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུར་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ང་དགུ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གནང་། 

ཟླ9པའི་ཚེས13ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ང་དགུ་པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གནང་།   

ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་། དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་བཅས་ཀྱི2021ལོར་ཆེད་དོན་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་བའི་སྐོར་གྱི་སྙན་ཞུར་གསན་པ་རེད།  

ཝང་དབྱང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཐེངས་མང་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པའི་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ད་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”འཆར་འགོད་ལ་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་བའི་འཆར་གཞི་བཟོས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ལོ་མགོར་གཏན་ལ་ཕབ་པའི་དམངས་གཙོའི་ལྟ་སྐུལ་གྱི་གཙོ་གནད་ནང་དོན་ལྟར། རྩ་འཛུགས་དང་ལག་བསྟར་ནན་ཏན་བྱས་ཏེ། ལག་ལེན་འཚོལ་ཞིབ་ཧུར་ཐག་བྱས་པས་གྲུབ་འབྲས་རགས་ཙམ་ཐོབ་ཡོད། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་ལ་སྐུལ་འདེད་གཏོང་བ་ནན་འཛིན་སྒོས་དམངས་གཙོའི་ལྟ་སྐུལ་བྱས་ཏེ། ཞིབ་ཕྲའི་གནད་དོན་ནས་མགོ་བཙུགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གནད་དོན་གྱི་འགག་གནད་འཛིན་པ། གྲོས་མོལ་འབྲེལ་འདྲིས་གཏིང་ཟབ་བཅས་བྱས་ནས། སྔར་བས་གནད་ལ་འཁེལ་བ་དང་། བྱང་ཚད་ལྡན་པའི་ལྟ་སྐུལ་གྲོས་མགོ་འདོན་དགོས། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། “གྲོས་མོལ་ཁྲོད་ལྟ་སྐུལ་བྱེད་པའི”བྱེད་སྟངས་དང་བྱ་ཐབས་འཚོལ་ཞིབ་དང་། ཟམ་མི་ཆད་པར་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཕན་ཚུན་འབྲེལ་འདྲིས་དང་དཔྱད་བསྡུར་བཅས་བྱས་ནས། ཧུར་ཐག་གིས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏང་དགོས།   

ཀྲུའུ་ཞིའི་ཚོགས་འདུས2021ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ། ཆིང་ཧྭ་སློབ་ཆེན་རྒྱལ་ཁབ་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁྲེན་ལའེ་ཡིས་གདན་ཞུས་ལྟར་ཁ་བྱང་ལ“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་འཕེལ་དང་གསར་གཏོད་རང་བཞིན་གྱིས་གཞན་སྒྱུར་བྱེད་པ”ཡི་སྙན་ཞུ་ཞུས་པ་རེད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། ཝན་ཀང་། ཝང་ཀྲེན་ཝེ། མཱ་པེའོ། ཁྲེན་ཞའོ་ཀུང་། ལི་པིན། པ་ཐར། ཝང་ཡུང་ཆིང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེན་ཙུའུ། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།