ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕུའུ་ཐིའོ་ཡའི་ཙུང་ཐུང་ཟུར་པ་སང་ཕ་ཡུའེ་སྐུ་གཤེགས་པར་ཕུའུ་ཐའོ་ཡའི་ཙུང་ཐུང་ཏེ་སོ་ས་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཐའོ་ཡའི་ཙུང་ཐུང་ཟུར་པ་སང་ཕ་ཡུའེ་སྐུ་གཤེགས་པར་ཕུའུ་ཐའོ་ཡའི་ཙུང་ཐུང་ཏེ་སོ་ས་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་བསྟན་དོན། སྐུ་ཞབས་སང་ཕ་ཡུའེ་ནི་ཕུའུ་ཐའོ་ཡའི་ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་མགོ་ཁྲིད་པ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་སྙན་གྲགས་ཆེན་པོ་ལྡན། ཁོང་གིས་ཙུང་ཐུང་གི་འགན་བཞེས་རིང་། ཨའོ་མོན་བདེ་བླག་ངང་ཀྲུང་གོར་ལོག་པ་དང་། ཀྲུང་གོ་དང་ཕུའུ་ཐའོ་ཡ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས། ཁོང་ཙུང་ཐུང་གི་ལས་གནས་ནས་ཕྱིར་བུད་རྗེས། སྔར་བཞིན་ཀྲུང་ཕུའུ་འབྲེལ་བར་སེམས་ཁུར་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་འདྲིས་མཉམ་ལས་ལ་རྒྱབ་སྐྱོར་བྱས་ཡོད། ངས་ཀྲུང་གོ་དང་ཕུའུ་ཐའོ་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།