ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་བཅོས་སྒྱུར་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་བཅོས་སྒྱུར་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བསམ་འཆར་ལས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་ཁ་གསལ་ལམ་ལུགས་ནི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ།  སྐྱེ་ཁམས་སྲུང་སྐྱོབ་དབང་ཆའི་འགན་འཁྲི་དངོས་འབེབས་བྱེད་པ་དང་ཕྱོགས་སོ་སོ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་བརྩོན་སེམས་སྐུལ་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ནུས་ལྡན་ཚོང་ར་དང་སྲིད་གཞུང་ཟུང་འབྲེལ་དམ་པོ་བྱེད་པ་དང་། རིགས་བགར་ཁ་གསབ་དང་ཕྱོགས་བསྡུས་ཁ་གསབ་བྱེད་པར་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། ཁྱོན་ཡོངས་ལ་ཁ་གསབ་བྱེད་པར་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱེད་པ། སྐུལ་ལྕག་གཏོང་བ་དང་ཚོད་འཛིན་བྱེད་པར་མཉམ་ལས་ཤུགས་འདོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་མྱུར་དུ་ཆ་ཚང་དུ་གཏོང་དགོས་ཟེར།

བསམ་འཆར་ལས་བཏོན་པའི་བཅོས་སྒྱུར་དམིགས་འབེན་ནི། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་འཚམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་ཕལ་ཆེར་ཡོངས་འགྲུབ་བྱེད་པ་ཡིན། སྐྱེ་ཁམས་སྲུང་སྐྱོབ་མ་རྩ་གཞི་རྩ་གཙོ་བོ་ཡིན་པའི་རིགས་བགར་ཁ་གསབ་ལམ་ལུགས་ཉིན་རེར་ཆ་ཚང་དུ་གཏོང་བ་དང་། སྤྱི་ཐུན་ཞབས་ཞུའི་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏོང་བ་ཁ་ཕྱོགས་ཡིན་པའི་ཕྱོགས་བསྡུས་ཁ་གསབ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། ཕན་ཁེ་ཐོབ་མཁན་གྱིས་མ་དངུལ་སྤྲོད་པའི་རྩ་དོན་རྨང་གཞི་ཡིན་པའི་ཚོང་ར་ཅན་དང་སྣ་མང་ཅན་ཁ་གསབ་ཆགས་སྟངས་རིམ་བཞིན་ཆགས་པར་མ་ཟད་སྤྱི་ཚོགས་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་བརྩོན་སེམས་མངོན་གསལ་སྒོས་ཇེ་དྲག་ཏུ་འགྲོ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་མཁན་དང་ཁེ་ཕན་ཐོབ་མཁན་འཁོར་རྒྱུག་བཟང་བོ་བྱེད་པའི་རྣམ་པ་ཕལ་ཆེར་ཆགས་པར་བྱེད་པ་ཡིན། ཉིས་སྟོང་སོ་ལྔ་ལོའི་བར་དུ་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རེ་བ་དང་མཐུན་པའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་ཕལ་ཆེར་གཏན་ལ་ཕབ་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།