ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧན་ཀྲིན་ཚེས་དགུ་ཉིན་པེ་ཅིང་ནས་ཀྲུང་གོའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཅིག་ལོའི་ལོ་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་། ཐེངས་འདིའི་ལོ་ཚོགས་ནི་མི་དང་རང་བྱུང་ཚེ་སྲོག་གི་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་པ་བརྗོད་སྙིང་དུ་བཟུང་ཡོད། 

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག ཀྲུང་གོའི་སྲིད་གཞུང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། དྭངས་གཙང་གི་ཆུ་བོ་དང་ལྗང་མདོག་གི་རི་བོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་དུ་བསྟར་ནས། སྦགས་བཙོག་འགོག་བཅོས་བྱེད་པའི་བྱ་བ་བཟང་བོར་སྤེལ་ཏེ། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་མ་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་བཀོད་འདོམ་བྱས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་ངོས་ཟིན་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་དཀྱོགས་མཚམས་རང་བཞིན། ཆེ་ཕྱོགས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་ལྷད་མེད་རང་མདངས་དང་སྤུས་ཀའི་རང་མདངས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་ཡོད། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐཱན་ཇེ་ཉུང་དུ་གཏོང་བ་འཐབ་ཇུས་ཁ་ཕྱོགས་གཙོ་བོར་བྱས་ཤིང་སྦགས་བཙོག་དང་ཐཱན་ཇེ་ཉུང་དུ་གཏོང་བར་མཉམ་དུ་ནུས་པ་ཐོན་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྷད་མེད་རིམ་འཕར་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསླེབས་ཡོད་པས། ང་ཚོས་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་སྦགས་བཙོག་དང་ཐཱན་ཇེ་ཉུང་དུ་གཏོང་བ་མངོན་འགྱུར་བྱེད་པ་གཙོར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་ལྷད་མེད་རིམ་འཕར་ལ་ཡར་སྐུལ་བྱེད་དགོས། 

ལམ་ལུགས་གསར་གཏོད་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་ཡོངས་ནས་སྦགས་བཙོག་སེལ་བའི་ཆོག་མཆན་ལམ་ལུགས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནོད་པར་སྐྱིན་ཚབ་སྟེར་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལྷད་མེད་ཐཱན་ཉུང་འཕེལ་རྒྱས་ཀྱི་ནོར་སྲིད་ཁྲལ་དངུལ་དང་དངུལ་ལོར་སོགས་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་སྒོས་ཕཱ་རེ་སིའི་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བ་བཟང་བོར་བསྒྲུབས་ཏེ། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་དགོས་ཞེས་གསུངས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།