ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་མིའི་རིགས་ཀྱི་འཚོ་སྡོད་ལ་འབྲེལ་བའི་གཞི་རྩའི་གནད་དོན་ཡིན། འབྲུ་རིགས་ཀྱི་གྱོང་གུད་ཇེ་ཉུང་དུ་གཏོང་བ་ནི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་རེད། མིག་སྔར་པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་འགྲོ་བཞིན་ཡོད་པ་དང་། འབྲུ་རིགས་བདེ་འཇགས་དེ་འགྲན་རྩོད་ལ་འཕྲད་ཡོད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་འགུལ་སྐྱོད་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་ཇེ་ཉུང་དུ་གཏོང་བའི་ཚོགས་ཆེན་བསྡུས་པ་ནི་ཀྲུང་གོས་ན་ནིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བའི་སྟེང་བཏོན་པའི་གྲོས་གཞི་ཡིན། ཕྱོགས་སོ་སོས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བྱས་ཤིང་། ལག་རྡང་སྦྲེལ་ནས་མཉམ་ལས་དང་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱས་ཏེ། ལྟོགས་སྐོམ་མྱོང་མཁན་མེད་པ་དང་དབུལ་ཕོངས་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྟོབས་ཤུགས་བཏོན་ནས། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་གསུངས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།