ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་མའེ་ཀུང་གཙང་བོའི་ས་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་པའི་ཚེས་དགུ་ཉིན་བརྙན་ལམ་བརྒྱུད་དེ། མའེ་ཀུང་གཙང་བོའི་ས་ཁོངས་ཕལ་བའི་དཔལ་འབྱོར་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་ཏེ་གཏམ་བཤད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་མའེ་ཀུང་གཙང་བོའི་རྒྱལ་ཁབ་ནི་ཁྱིམ་མཚེས་ནང་གི་ཁྱིམ་མཚེས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་སོ་སོའི་ཉེ་འཁོར་ནས་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་དགོས་པར་བསྟན་ཡོད། མིག་སྔའི་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་འཛམ་གླིང་གི་ཡུལ་གྲུ་གང་སར་ཡང་ཡང་མཆེད་ཀྱིན་ཡོད་ལ། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མིན་པ་དང་ངེས་གཏན་མིན་པའི་གནས་སྟངས་སྔར་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད། ང་ཚོས་ཐུན་མོང་གི་ལྟ་བ་གཅིག་བསྡུས་དང་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བར་འབད་དེ། ས་ཁོངས་ཕལ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། གཅིག་ནས་ཆུའི་ཐོན་ཁུངས་མཉམ་ལས་གཏིང་ཟབ་དུ་སྤེལ་དགོས། གཉིས་ནས་མཉམ་དུ་ལག་གདང་སྦྲེལ་ཏེ་རིམས་ནད་འགོག་སྡོམ་བྱེད་དགོས། གསུམ་ནས་ཉོ་ཚོང་དངུལ་གཏོང་ལ་ཤུགས་སྣོན་དགོས། བཞི་ནས་ཕན་ཚུན་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དགོས། ལྔ་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲུག་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས།

ལིས་ཁི་ཆང་གིས་ཀྲུང་གོའི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱིས་མའེ་ཀུང་གཙང་བོའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་སོ་སོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དང་འཕེལ་རྒྱས་ཀྱི་ཁེ་ཕན་གསར་པ་བསྐྲུན་ཐུབ་ཅེས་བསྟན།

གྲོས་ཚོགས་ལས་འབྲེལ་ཡོད་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་།

ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་ཐེངས་འདིའི་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།