ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསེར་གྱོམ་དངོས་སྒྲུབ་མཉམ་ལས་ཐད་གྲོས་གཞི་ཁག5བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས9ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བརྙན་ལམ་བརྒྱུད་དེ་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གསུམ་པར་ཞུགས་པ་རེད། ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་གནས་བབ་འོག  གསེར་གྱོམ་རྒྱལ་ཁབ་ཀྱིས་དད་སེམས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། གསེར་གྱོམ་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་དེ་ལས་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། གཅིག  ཕྱར་བ་གྲུ་འདེགས་མཐའ་འཁྱོངས་བྱས་ནས་སྤྱིའི་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གཉིས། དྲང་གཞག་མཐའ་འཁྱོངས་བྱས་ནས་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གསུམ། གཉིས་ཕན་གཉིས་རྒྱལ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།  བཞི། དྲང་གཞག་དང་དྲང་བདེན་མཐའ་འཁྱོངས་བྱས་ནས་ཆབ་སྲིད་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ལྔ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།