ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་དཔུང་སྡེའི་འཐུས་མི་ལ་འཕྲིན་ལན་སྤྲིངས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་དཔུང་སྡེའི་འཐུས་མི་ལ་འཕྲིན་ལན་སྤྲིངས་ནས། སློབ་སྦྱོང་དང་བྱ་གཞག མི་གསོ་སྐྱོང་བཅས་ཀྱི་ཆེད་ཡིན་པ་དངོས་གནས་གཅིག་གྱུར་བྱས་ཏེ་སློབ་མའི་འཚར་ལོངས་ཀྱི་ལམ་སྟོན་པ་བཟང་བོ་ཞིག་བྱེད་དགོས་ཞེས་བསྟན་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས།

འཕྲིན་ལན། 

རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་དཔུང་སྡེའི་འཐུས་མི་ལ།

ཁྱེད་ཚོ་བདེ་མོ། ཡི་གེ་འབྱོར་སོང་། ཁྱེད་ཚོས་བློ་མཐུན་ཧོང་ཏ་ཉན་མིག་དཔེར་བཟུང་སྟེ། རང་གི་ལས་རྐང་ལ་གཞི་ཚུགས་ནས་དཔུང་སྡེའི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དང་། དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་སྐྲུན་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་བླངས་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།

དགེ་རྒན་བཟང་བོས་སློབ་སྦྱོང་གི་ཐད་ནས་མི་ལ་ཁྲིད་སྟོན་བྱེད་པ་དང་ཀུན་སྤྱོད་ཀྱི་ཐད་ནས་གཞན་ལ་དཔེ་སྟོན་བྱེད་དགོས། ཁྱེད་ཚོས་མུ་མཐུད་དུ་བློ་མཐུན་ཧོང་ཏ་ཉན་སོགས་ཕུལ་བྱུང་དགེ་རྒན་གྱི་བླ་མེད་སྙིང་སྟོབས་དར་སྤེལ་དང་སློབ་སྦྱོང་བྱས་ནས། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་རྒྱ་ཆེའི་དགེ་རྒན་དང་མཉམ་དུ། སྤྱོད་ལེགས་དཔེ་བཟང་དང་བློ་སེམས་རྩེ་གཅིག གསར་སྐྲུན་གསར་འབྱེད་ཀྱིས་སློབ་སྦྱོང་དང་བྱ་གཞག མི་གསོ་སྐྱོང་བཅས་ཀྱི་ཆེད་ཡིན་པ་དངོས་གནས་གཅིག་གྱུར་བྱས་ཏེ་སློབ་མའི་འཚར་ལོངས་ཀྱི་ལམ་སྟོན་པ་བཟང་བོ་ཞིག་བྱེད་དགོས་ལ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་མུ་མཐུད་དུ་བྱས་རྗེས་གསར་བ་འཇོག་པའི་རེ་བ་ཡོད། 

དགེ་རྒན་དུས་ཆེན་སླེབས་ལ་ཉེ་བས། ངས་ཁྱེད་ཚོ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས་པ་ཡིན། །

ཞི་ཅིན་ཕིང་།

2021ལོའི་ཟླ9པའི་ཚེས8ཉིན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དགེ་རྒན་དུས་ཆེན་ཐེངས་སོ་བདུན་པ་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9པའི་ཚེས8ཉིན་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་དཔུང་སྡེའི་འཐུས་མི་ལ་འཕྲིན་ལན་སྤྲིངས་པ་དང་། ཁོ་ཚོར་བྱམས་བརྩེའི་ཐུགས་རེ་བཅོལ་བ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན། ཁྱེད་ཚོས་བློ་མཐུན་ཧོང་ཏ་ཉན་མིག་དཔེར་བཟུང་སྟེ། རང་གི་ལས་རྐང་ལ་གཞི་ཚུགས་ནས་དཔུང་སྡེའི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་དང་།དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་སྐྲུན་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་བླངས་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།

ཞི་ཅིན་ཕིང་གིས་དགེ་རྒན་བཟང་བོས་སློབ་སྦྱོང་གི་ཐད་ནས་མི་ལ་ཁྲིད་སྟོན་བྱེད་པ་དང་ཀུན་སྤྱོད་ཀྱི་ཐད་ནས་གཞན་ལ་དཔེ་སྟོན་བྱེད་དགོས། ཁྱེད་ཚོས་མུ་མཐུད་དུ་བློ་མཐུན་ཧོང་ཏ་ཉན་སོགས་ཕུལ་བྱུང་དགེ་རྒན་གྱི་བླ་མེད་སྙིང་སྟོབས་དར་སྤེལ་དང་སློབ་སྦྱོང་བྱས་ནས། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་རྒྱ་ཆེའི་དགེ་རྒན་དང་མཉམ་དུ། སྤྱོད་ལེགས་དཔེ་བཟང་དང་བློ་སེམས་རྩེ་གཅིག གསར་སྐྲུན་གསར་འབྱེད་ཀྱིས་སློབ་སྦྱོང་དང་བྱ་གཞག མི་གསོ་སྐྱོང་བཅས་ཀྱི་ཆེད་ཡིན་པ་དངོས་གནས་གཅིག་གྱུར་བྱས་ཏེ་སློབ་མའི་འཚར་ལོངས་ཀྱི་ལམ་སྟོན་པ་བཟང་བོ་ཞིག་བྱེད་དགོས་ལ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་མུ་མཐུད་དུ་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།

2017ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་སློབ་ཆེན་སའི་གོ་ལའི་འཚོལ་ཞིབ་ཚད་འཇལ་གྱི་ཚན་རིག་དང་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཧོང་ཏ་ཉན་གྱི་སྔོན་ཐོན་མཛད་རྗེས་ལ་མཛུབ་སྟོན་གལ་ཆེན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་ཆེད། སློབ་གསོ་པུའུ་ཡིས2017ལོར་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་དཔུང་སྡེ་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ200ཡི་དགེ་རྒན201ལ་ཐོག་མའི་ངོས་ལེན་གནང་། དེ་དག་ནི་རིག་གཞུང་ཚན་ཁག་སོ་སོ་དང་ཤར་དབུས་ནུབ་བཅས་ཀྱི་ཞིང་ཆེན་སོ་སོར་ཁྱབ་ཡོད། ཉེ་ལམ། སྐོར་དང་པོའི་དགེ་རྒན་དཔུང་སྡེའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡི་གེ་སྤྲིངས་ནས་སློབ་ཁྲིད་དང་ཚན་ཞིབ་སོགས་ཀྱི་བྱ་བའི་གནས་ཚུལ་སྙན་ཞུ་ཞུས་ཏེ། སློབ་གསོའི་ལས་རྐང་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་དང་མི་རིགས་བསྐྱར་དར་ལ་སྟོབས་ཤུགས་འབུལ་བའི་ཆོད་སེམས་མཚོན་པར་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།