ཀྲུང་གོ་བོད་ཀྱི་དྲ་བ།

​2021ལོའི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་ལེགས་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས8ཉིན་སློབ་གསོ་པུའུ་ཡི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། 2021ལོའི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་ལེགས་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དྲིལ་སྒྲོག་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ལིན་ཀྲི་མིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་ལེགས་དགེ་རྒན10ནི། ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་ཕྱི་སྐད་སློབ་གྲྭའི་དགེ་རྒན་ལི་ཧུང་ཞ་དང་། ལེའོ་ཉིང་ཞིང་ཆེན་པིན་ཞི་གྲོང་ཁྱེར་པིན་ཞི་མན་ཇུ་རིགས་རང་སྐྱོང་རྫོང་སློབ་འབྲིང་ལྔ་བའི་དགེ་རྒན་ཀྲང་ཝན་པའོ། ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་ལས་རིགས་སློབ་གསོ་ལྟེ་གནས་སློབ་གྲྭའི་དགེ་རྒན་ཝང་ཏན་ཧྥིན། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཡུས་ཧོན་གྲོང་ཁྱེར་ཁན་མིན་ཧའེ་ཏུའུ་སློབ་ཆུང་གི་དགེ་རྒན་ཡེ་ཧའེ་ཧུའེ། ཧྭ་ཤར་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲོའུ་དབྱི་ཕིང་། ཧི་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་ཧུའེ་ཞན་གྲོང་ཁྱེར་ཞི་ཕིན་ལའོ་ཤང་ལྟེ་གནས་བྱིས་སྐྱོང་ཁང་གི་མགོ་བའམ་དགེ་རྒན་ཀའོ་ཝུན་ཡན། ཁྲུང་ཆིན་གྲོང་ཁྱེར་དམིགས་བསལ་སློབ་གསོ་ལྟེ་གནས་ཀྱི་སློབ་གཙོའམ་དགེ་རྒན་ལི་ལུང་མའེ། ཀོས་ཀྲོའུ་ནད་སྐྱོང་ཆེད་ལས་ལག་རྩལ་སློབ་གླིང་གི་དགེ་རྒན་ལི་ཧུང་པའོ། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ས་དགའ་རྫོང་འཕྲང་སྒོ་ཤང་ཆ་ཚང་སློབ་ཆུང་གི་སློབ་གཙོའམ་དགེ་རྒན་བྱམས་པ་ཚེ་རིང་། ཞི་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧི་ཡུའེ་བཅས་ཡིན།

རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་ལེགས་དགེ་རྒན10ནི་མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ། སློབ་གྲྭ་ཆུང་འབྲིང་། བྱིས་སྐྱོང་སློབ་གསོ། དམིགས་བསལ་སློབ་གསོ་སོགས་རིམ་པོ་སོ་སོའི་སློབ་གསོ་སྣ་ཚོགས་ལ་ཁེབས་ཡོད་པ་དང་། ས་ཁོངས་དང་མི་རིགས། ཕོ་མོ། ལོ་གྲངས་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་གཞིགས་ཡོད་པ་མ་ཟད། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཡང་རྩེར་བསྙེགས་པའི་རྩེར་སོན་འཇོན་མི་ཡོད་ལ། སྙན་གྲགས་དང་ཁེ་བཟང་རིང་དུ་དོར་བའི་ཤང་སྡེའི་དགེ་རྒན་ཡང་ཡོད་པ་དང་། ཁོ་ཚོས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། ཀུན་སྤྱོད་ཀྱིས་མི་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དངོས་འབེབས་དང་། “བཞི་ལྡན་གྱི་དགེ་རྒན་བཟང་པོའི”ཚད་གཞི་དཔེ་སྟོན་སྣེ་ཁྲིད་ཀྱིས། ཧུར་བརྩོན་གྱིས“སྣེ་ཁྲིད་པ་བཞི”ལེགས་པོར་བྱེད་པ་དང་མཐའ་གཅིག་ཏུ“གཅིག་གྱུར་བཞི”བརྟན་སྲུང་བྱས་ཤིང་། སློབ་མའི་སློབ་སྦྱོང་དང་ལས་སྒྲུབ། ཀུན་སྤྱོད་ཀྱི་དཔེ་སྟོན་པ་བཟང་བོ་བྱས་ཏེ། བྱས་རྗེས་འབུར་ཐོན་དང་མཛད་རྗེས་ངོ་མཚར་ལྡན་པ་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།