ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ཤང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་དགོས་པར་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ9པའི་ཚེས8ཉིན་སློབ་གསོ་པུའུ་ཡི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། 2020ལོའི་ལོ་མཇུག་བར་དུ། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22ཀྱི་སྔོན་ཆད་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ས་ཁུལ་གྱི་རྫོང་དུ་ཕྱོགས་ཡོངས་ནས་ཤང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཤིང་། དེ་ཤང་སྡེའི་སློབ་གྲྭ་ཁྲི8ལ་ཁྱབ་པ་དང་དགེ་རྒན་ཁྲི129.8ཕན་ཁེ་ཐོབ་ལ། མི་རེར་ཟླ་རེར་ཆ་སྙོམས་ཀྱིས་སྒོར375ཁ་གསབ་བྱས། ཀྲུང་དབྱང་བྱ་དགའི་ཁ་གསབ་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག 2020ལོར་རྒྱལ་ཡོངས་སུ་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ས་ཁུལ་མ་ཡིན་པའི་རྫོང1056དུ་ཤང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།