ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་རགས་བཤད》ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དེ་སློབ་གཞི་དང་སློབ་ཁང་། བསམ་བློ་བཅས་སུ་འཇུག་པར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་ཁྲིམས་རིག་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་འགོད་ཀྱི་གཙོ་གནད་སློབ་གཞི《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་རགས་བཤད》(གཤམ་དུ《རགས་བཤད》ཅེས་བསྡུས་ཡོད)དེ་མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། 

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་མགོ་ཁྲིད་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལག་ལེན་རླབས་ཆེན་ཁྲོད། ལོ་རྒྱུས་དང་དོན་དངོས་ཕན་ཚུན་འབྲེལ་མཐུད་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་འབྲེལ་ཡོད་འབྲེལ་མཐུད། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་ཀྱིས་དུས་རབས་གསར་བར་ཅི་ཞིག་ལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལག་བསྟར་བྱེད་པ་དང་། ཇི་ལྟར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ལན་ཟབ་མོ་བཏབ་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ཆགས་ཡོད།

《རགས་བཤད》དེ“གླེང་གཞི+ལེ་ཚན་གསུམ”ལས་གྲུབ་པ་ཡིན་ཞིང་། བསྡོམས་པས་ལེའུ20དང་ཡིག་འབྲུ་ཁྲི27ཙམ་ཡོད། དེ་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའི་ཁྱད་ཆོས་མངོན་གསལ་དང་དོན་སྙིང་གལ་ཆེན། ནང་དོན་ཕུན་སུམ་ཚོགས་པ། དོན་སྙིང་གཙོ་བོ། ཚན་རིག་དང་མཐུན་པའི་བྱེད་ཐབས། ལག་ལེན་གྱི་བླང་བྱ་བཅས་རྒྱས་བཤད་བྱས་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ནི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་བཤད་གཏིང་ཟབ་པ། གཏན་ཚིགས་ཚགས་དམ་པ། རྒྱུད་ཁོངས་ཆ་ཚང་ཡིན་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་ལ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་བཅས་ཡོངས་སུ་མཚོན་ཡོད། 《རགས་བཤད》དེས་མ་རྩོམ་དང་མ་ཡིག མ་གཞིའི་གོ་དོན་བཅས་ལ་གཞོལ་བ་རྒྱུན་འཁྱོངས་དང་། ཆོས་ཉིད་ཅན་གྱི་གསལ་འགྲེལ་དང་རིག་གཞུང་ཅན་གྱི་ཞིབ་བརྗོད། མ་ལག་ཅན་གྱི་འཛུགས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཡོད་པས། དེ་ནི་མཐོ་རིམ་སློབ་གྲྭའི་ཁྲིམས་ལུགས་རིག་པ་སྐོར་གྱི་ཆེད་ལས་སློབ་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་མ་ལག་ལྡན་པའི་ངང་སློབ་སྦྱོང་བྱེད་པའི་སློབ་གཞི་གཙོ་བོ་ཞིག་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།