ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅིར་ཁ་པར་བཏང་ནས་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཏེ་ལ་ཅིར་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བར་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཁྲོད་གཉིས་ཕན་གཉིས་རྒྱལ་དང་། རིག་གནས་ཐད་ཕན་ཚུན་ལ་དགའ་བ་དང་། དཀའ་ངལ་འཕྲད་དུས་ཕན་ཚུན་རོགས་རམ་བྱེད་ཀྱིན་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་དུས་སྐབས་གསར་པའི་ཀྲུང་གོ་དང་དབྱི་ཐ་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ་དང་། ཕན་ཚུན་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་དབྱི་ཐ་ལིའི་མཛའ་བརྩེ་སྲུང་སྐྱོང་བྱེད་པ། གཉིས་ཕན་མཉམ་ལས་བཏང་ཟབ་དུ་གཏོང་བ། ལམ་ལུགས་མི་འདྲ་བ་དང་རིག་གནས་རྒྱལ་ཁབ་མི་འདྲ་བའི་འཕེལ་རྒྱས་འབྲེལ་བར་མིག་དཔེ་སྟོན་འདོད་ཡོད།  ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྲིད་སྟོན་དུ་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་མཉམ་དུ་སང་ལོའི་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་དང་ཡུལ་སྐོར་ལོའི་བྱ་འགུལ་ཡག་པོ་གཉེར་བ་དང་། ལྷག་པར་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང2026ལོའི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུར་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། དེ་གོ་སྐབས་སུ་བཟུང་ནས་རྒྱལ་ཁབ་གཉིས་པོའི་གངས་འཁྱགས་ལུས་རྩལ་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་ཀྱི་འབྲེལ་བ་བདེ་ཐང་བརྟན་ལྷིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བསྟན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ནི་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་འཛམ་གླིང་ཧྲིལ་པོའི་སྤྱིའི་འཕྲོད་བསྟེན་མཉམ་ལས་དང་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བར་བསྔགས་བརྗོད་བྱ་རྒྱུ་ཡིན།  མིག་སྔར་འཛམ་གླིང་ཧྲིལ་པོའི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱ་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད།   རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ནི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་གཙོ་བོ་ཡིན་པས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རིམས་ནད་འགོག་རྒོལ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ།  བཟོད་སྒོམ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐུན་མོང་གི་ངོས་འཛིན་དེ་བས་མང་པོ་ཆགས་པར་བྱས་ཏེ།  འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་གི་ཁ་ཕྱོགས་ཡང་དག་སྣེ་ཁྲིད་དང་ཐུན་མོང་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས།  ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་ཀྱིས་དེའི་ཐད་ཀྱི་ནུས་པ་འདོན་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་རོ་མའི་མཐོ་རིམ་གྲོས་ཚོགས་བདེ་ལེགས་ངང་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན། 

ཏེ་ལ་ཅི་ཡིས་བཤད་རྒྱུར།  དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་བཟང་བ་དང་། དབྱི་ཐ་ལི་ཕྱོགས་ཀྱིས་དབྱི་ཐ་ལི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།  ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དབྱི་ཐ་ལི་དང་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་ལོའི་བྱ་འགུལ་མཉམ་དུ་ཡག་པོ་གཉེར་རྒྱུའི་རེ་བ་ཡོད།   དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་འབད་བརྩོན་ཧུར་ཐག་དང་བྱས་རྗེས་འཇོག་པར་བསྔགས་བརྗོད་བྱ་རྒྱུ།  ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཧན་གྱི་གནད་དོན་ཐད་ཀྱི་ཤུགས་རྐྱེན་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་འབྲེལ་གཏུག་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།