ཧན་ཀྲིན་གྱིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཀྲུང་གོར་འཚམས་འདྲི་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གུ་ལ་སི་གུ་ཚོགས་ཆེན་གྱི་གདམ་བྱའི་ཀྲུའུ་ཞི་ཞའར་མཱ་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གུ་ལ་སི་གུ་ཚོགས་ཆེན་གྱི་གདམ་བྱའི་ཀྲུའུ་ཞི་ཞའར་མཱ་ལ་ཐུག་འཕྲད་གནང་།

ཟླ9པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གུ་ལ་སི་གུ་ཚོགས་ཆེན་གྱི་གདམ་བྱའི་ཀྲུའུ་ཞི་ཞའར་མཱ་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། གནས་གཤིས་འགྱུར་ལྡོག་ཐད་གོ་ལ་ཧྲིལ་བོས་རྡོག་རྩ་གཅིག་སྒྲིལ་གྱིས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས།  《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་པའི་ཚོགས་ཆེན་ཐེངས་ཉེར་དྲུག་པས་ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཕྱོགས་མང་སྒྲིག་སྲོལ་ལ་བརྩི་འཇོག གནམ་གཤིས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཆབ་སྲིད་ཀྱི་བརྡ་རྟགས་ནུས་ལྡན་ཞིག་བཏང་ནས་རྒྱལ་ཁབ་སོ་སོས་གནམ་གཤིས་ཀྱི་དམིགས་ཚད་དེ་ཞིབ་ཕྲའི་སྲིད་ཇུས་དང་ལག་ལེན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། 《པ་ལིའི་གྲོས་ཆོད》ལག་བསྟར་བྱེད་པའི་ཞིབ་སྲོལ་གྲོས་མོལ་ལེགས་འགྲུབ་ཡོང་བར་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་དེ་ཡོངས་བསྒྲགས་ཁ་གསལ་དང་རྒྱ་ཁྱབ་ནང་ཞུགས། ཆིངས་ཡིག་འཇོག་མཁན་ལ་སྐུལ་འདེད། གྲོས་མོལ་གཅིག་མཐུན་བཅས་ཀྱི་ཡང་དག་ལམ་བུའི་སྟེང་སྐྱོད་ཐུབ་པར་ཁག་ཐེག་བྱ་དགོས།

ཧན་ཀྲིན་གྱིས་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཡོད་ཀྱི་བྱེད་ཐབས་བཀོལ་ནས་རང་རང་རྒྱལ་ཁབ་ཀྱི་རང་རྟེན་ལེགས་སྐྱེས་དམིགས་ཚད་དང་ཐཱན་ཉུང་གཏོང་གི་རེ་འདུན་བཏོན་ཡོད། མ་འོངས་པར་རང་རང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གླེང་མོལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་པའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གཉིས་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཞའར་མཱ་ཡིས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་འབད་བརྩོན་ཆེན་པོ་བྱས་པར་དབྱིན་ཇི་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་ཀྱི་མ་དངུལ་བསྡུ་སྒྲིལ་དང་། ནུས་ཁུངས། ཐཱན་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་གླེང་མོལ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གཉིས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་ཧུར་ཐག་བྱེད་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།