ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་བརྙན་ལམ་བརྒྱུད་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཅིན་ཞིའུ་ལ་ཐུག་འཕྲད་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་པེ་ཅིང་ནས་བརྙན་ལམ་བརྒྱུད་དེ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཅིན་ཞིའུ་ལ་ཐུག་འཕྲད་གནང་རྒྱུ་རེད།

ཀྲའོ་ལེ་ཅི་ཡིས་ཀྲུང་གོ་དང་ཡོ་ནན་གཉིས་ནི་གུང་ཁྲན་ཏང་གིས་མགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཉིས་ཀྱིས་བྱེད་ཐབས་སྣ་མང་བཀོལ་ནས་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཏང་གཉིས་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་སྐྱོང་རྒྱལ་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་བརྗེ་རེས་གཏིང་ཇེ་ཟབ་ཏུ་གཏོང་བ་དང་སྒྲིག་བཤེར་ལྟ་ཞིབ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཡོ་ནན་གཉིས་བར་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་ཆབ་སྲིད་ཀྱི་འགན་ལེན་མདོན་སྤྲོད་བྱེད་འདོད་ཡོད་ཅེས་བསྟན།

ཁྲེན་ཅིན་ཞིའུ་ཡིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་ཡིད་སྨོན་འཕྱོར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བར་འཕེལ་རྒྱས་དང་ཤུགས་སྣོན་རྒྱག་རྒྱུ་ནི་སྔོན་ནས་ད་རག་བར་ཡོ་ནན་གྱི་ཏང་དང་རྒྱལ་ཁབ་ཀྱི་ཁ་ཕྱོགས་ཨང་དང་པོ་ཡིན་ལ། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་ཏང་བར་གྱི་བརྗེ་རེས་ལ་ཤུགས་སྣོན་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་མཉམ་ལས་གཏིང་ཇེ་ཟབ་ཏུ་བཏང་ནས་ཡོ་ནན་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།