ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས2021ལོ་ནས2022ལོའི་བར་གྱི་སློབ་གྲྭ་ཆུང་འབྲིང་གི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱ་འགུལ་སྣ36ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་སྔོན། སློབ་གསོ་པུའུ་ཡིས་བརྡ་སྦྱོར་བཏང་ནས། 2021ལོ་ནས2022ལོའི་བར་གྱི་སློབ་གྲྭ་ཆུང་འབྲིང་གི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱ་འགུལ་སྣ36ཁྱབ་བསྒྲགས་བྱས་པ་དང་། བྱ་འགུལ་སྤེལ་བའི་དུས་ཚོད་ནི་རྩ་དོན་སྟེང2022ལོའི་ཟླ8པའི་ཡར་སྔོན་བར་ཡིན།

བརྡ་སྦྱོར་ལས། ས་ཁུལ་སོ་སོས《དོ་དམ་བྱེད་ཐབས》དང《སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས་སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭ་ཆུང་འབྲིང་སློབ་མའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱ་འགུལ་གྱི་དོ་དམ་བྱ་བའི་སྐོར་གྱི་བརྡ་སྦྱོར》(སློབ་གསོ་རྨང་གཞི་ཐིང་གི་བརྡ་སྦྱོར2020ལོའི་ཨང21པ)གྱི་བླང་བྱར་གཞིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགྲན་བསྡུར་གྱི་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བ་དང་། སློབ་མ་དང་ཁྱིམ་བདག་ལ་མིང་ཐོ་ལས་གཞན་པའི་སྒྲིག་འགལ་ངང་སྒྲུབ་པའི་འགྲན་བསྡུར་རྣམ་གྲངས་ནང་མི་ཞུགས་པར་སྣེ་ཁྲིད་དེ། སློབ་མའི་ཚད་བརྒལ་གྱི་སློབ་ཕྱིའི་ཁུར་བོ་དངོས་གནས་ཇེ་ཡང་དུ་གཏོང་དགོས། མི་སྣ་འདུ་ཚོགས་བྱེད་པའི་འགྲན་བསྡུར་རྣམ་གྲངས་སྤེལ་བའི་དུས་ཚོད་དེ་གཙོ་སྒྲུབ་ལས་ཁུངས་ཀྱིས་ས་གནས་དེ་གའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཁག་ལ་ཆོག་མཆན་ཞུས་དགོས་པར་བསྟན་ཡོད།

海报-网通3.jpg

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།