ཀྲུང་གོ་བོད་ཀྱི་དྲ་བ།

ཏུང་ཅིང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་དང་ཀྲུང་གོའི་ལུས་རྩལ་འཐུས་ཚབ་རུ་ཁག་གིས་གསེར་གྱི་རྟགས་མ96དང་དངུལ་གྱི་རྟགས་མ60ཟངས་ཀྱི་རྟགས་མ51བླངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས5ཉིན་གྱི་དགོང་མོར། སྐབས་བཅུ་དྲུག་པའི་དབྱར་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་དེ་ཏུང་ཅིང་དུ་མཇུག་སྒྲིལ་བ་རེད། ཏུང་ཅིང་ཨོ་རྩལ་འགྲན་ཚོགས་སྟེང་། འཛམ་གླིང་གི་འཐུས་ཚབ་རུ་ཁག162ཡི་དབང་བོ་སྐྱོན་ཅན་ལུས་རྩལ་པ4400ལྷག་འགྲན་བསྡུར་རྣམ་གྲངས་ཆེ་གྲས22དང་ཆུང་གྲས539ཡི་འགྲན་བསྡུར་ལ་ཞུགས་པ་རེད། ཀྲུང་གོའི་ལུས་རྩལ་འཐུས་ཚབ་རུ་ཁག་གིས་གསེར་གྱི་རྟགས་མ96དང་དངུལ་གྱི་རྟགས་མ60། ཟངས་ཀྱི་རྟགས་མ51གི་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་ཏེ། འཛམ་གླིང་གི་ཟིན་ཐོ29གསར་དུ་བཏོད་ལ། བསྟུད་མར་སྐབས་ལྔའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་ཨང་རིམ་དང་བྱ་དགའི་རྟགས་མའི་ཨང་རིམ་གཉིས་ཀྱི་ཨང་དང་པོ་བླངས་ཡོད་པ་རེད།

སྐབས་བཅུ་བདུན་པའི་དབྱར་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་དེ་ཧྥ་རན་སིའི་པ་ལི་ནས་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།