ཀྲུང་གོའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ཕྱིར་རྒྱལ་ནང་དུ་ལོག་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས6ཉིན། དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཀྲུང་གོའི་འཐུས་མི་ཚོགས་པས་འགྲན་བསྡུར་ཀྱིས་ལས་འགན་ཡོངས་སུ་གྲུབ་རྗེས། ཚེས6ཉིན་ཆེས་མཐའ་མཇུག་གི་འགྲན་ཞུགས་པ་ཁག་གཅིག་ཏུང་ཅིང་དང་ཁ་བྲལ་ནས་ཕྱིར་རྒྱལ་ནང་དུ་ལོག 

ཐེངས་འདིར་ཏུང་ཅིང་དུ་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཀྲུང་གོའི་འཐུས་མི་ཚོགས་པའི་མི་གྲངས་བསྡོམས་པས437ཡོད་པ་དང་།  ཉིན12ཀྱི་འགྲན་བསྡུར་ཁྲོད། ཀྲུང་གོའི་འཐུས་མི་ཚོགས་པས་གསེར་ཀྱི་རྟགས་མ96དང་དངུལ་གྱི་རྟགས་མ60། ཟངས་ཀྱི་རྟགས་མ51དང་བསྡོམ་པའི་གཟེངས་རྟགས207བཅས་ཀྱི་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་བ་དང་། འཛམ་གླིང་གི་ཟིན་ཐོ29བསྐྲུན་ཅིང་། བསྟུད་མར་སྐབས་ལྔའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་ཨང་རིམ་དང་བྱ་དགའི་རྟགས་མའི་ཨང་རིམ་གཉིས་ཀྱི་ཨང་དང་པོ་བླངས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།