ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་མཛད་སྒོ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127833575_16309293002621n.jpg

ཟླ9པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས་ཤིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་གི་གོ་གནས་སྤར་བའི་དམག་དཔོན་ལ་བཀའ་རྒྱའི་ཡི་གེ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས་ཤིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་གི་གོ་གནས་སྤར་བའི་དམག་དཔོན་ལ་བཀའ་རྒྱའི་ཡི་གེ་གནང་།

ཕྱི་དྲོའི་ཆུ་ཚོད5དང་སྐར་མ20ཡི་སྟེང་གོ་གནས་སྤར་བའི་མཛད་སྒོ་དེ་བརྗིད་ཉམས་ཆེ་བའི་རྒྱལ་གླུའི་ཁྲོད་མགོ་ཚུགས་ཤིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིང་གིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་ཐོབ་པའི་བཀའ་རྒྱ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་གནས་སྤར་བའི་མཛད་སྒོར་མགོ་འཛིན་བྱས།

ཐེངས་འདིའི་ཧྲང་ཅང་དམག་དཔོན་གྱི་གོ་གནས་ཐོབ་པའི་དམག་དཔོན་ནི་ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ཝང་ཧའེ་ཅང་དང་། དབུས་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ལིན་ཤང་དབྱང་། མཚོ་དམག་གི་དམག་སྤྱི་ཏུང་ཅུན། མཁའ་དམག་གི་དམག་སྤྱི་ཁྲང་ཏིང་ཆིའུ། རྒྱལ་སྲུང་སློབ་ཆེན་གྱི་སློབ་གཙོ་ཞུས་ཞུའེ་ཆང་བཅས་ཡིན། 

ཧྲང་ཅང་དམག་དཔོན་གྱི་གོ་གནས་ཐོབ་པའི་དམག་དཔོན་ལྔ་ཡིས་དམག་ཆས་སྤྲས་ཏེ་དཔའ་ཉམས་ལྡན་པའི་ངང་ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བསྐྱོད། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་རྒྱའི་ཡི་གེ་སྤྲད་དེ་བཀྲ་ཤིས་བདེ་ལེགས་ཞུས། ཧྲང་ཅང་དམག་དཔོན་གྱི་ཕྲག་རྟགས་བཏགས་པའི་དམག་དཔོན་ལྔ་ཡིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། 

གོ་གནས་སྤར་བའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་མཇུག་འགྲིལ་བ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་གནས་ཐོབ་པའི་དམག་དཔོན་དང་མཉམ་དུ་མཉམ་པར་བླངས། 

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝུའེ་ཧྥེང་ཧོ་དང་ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་དེ་མིན་དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་དུ་བཅའ་སྡོད་བྱེད་པའི་སྡེ་ཁག་ཆེན་པོའི་མགོ་ཁྲིད་གཙོ་བོ་སོགས་གོ་གནས་སྤར་བའི་མཛད་སྒོར་ཞུགས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།