ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་བྱེད་པའི་རྒྱུགས་སྤྲོད་ལ་ཟླ9པའི་ཚེས24ཉིན་ནས་བཟུང་མིང་ཐོ་བཀོད་ཆོག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ9པའི་ཚེས4ཉིན་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། 2022ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་བྱེད་པའི་ཐོག་མའི་རྒྱུགས་སྤྲོད་དུས་ཚོད་ནི་ཟླ12པའི་ཚེས25ནས་ཚེས26ཉིན་བར་ཡིན་པ་དང་། རྒྱུགས་སྤྲོད་དུས་ཡུན་ཆུ་ཚོད3ལས་བརྒལ་བའམ་བྲིས་པང་སོགས་དམིགས་བསལ་བླང་བྱ་ཡོད་པའི་རྒྱུགས་གཞི་སྐོར་ཞིག་ཟླ12པའི་ཚེས27ཉིན་བཀོད་སྒྲིག་བྱས་ཡོད་ལ། ཟླ9པའི་ཚེས24ཉིན་ནས་བཟུང་སྔོན་མངག་མིང་ཐོ་བཀོད་ཆོག 

རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་རྒྱུགས་སྤྲོད་ཀྱི་དྲ་ཐོག་མིང་ཐོ་འགོད་དུས་ནི་ཟླ10པའི་ཚེས5ཉིན་ནས་ཚེས25ཉིན(ཆུ་ཚོད9ནས22བར)བར་བཀོད་སྒྲིག་བྱས་ཡོད་ལ། ཟླ9པའི་ཚེས24ཉིན(ཆུ་ཚོད9ནས22བར)ནས་བཟུང་སྔོན་མངག་མིང་ཐོ་བཀོད་ཆོག རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་རྒྱུགས་སྤྲོད་ལ་ཞུགས་པའི་སློབ་མ་དག་གིས་ངེས་པར་དུ་འབྲེལ་ཡོད་ཀྱི་ཞིང་ཆེན་རིམ་པའི་སློབ་གསོ་སློབ་བསྡུ་རྒྱུགས་སྤྲོད་ལས་ཁུངས་ཀྱི་གཏན་འཁེལ་ལ་གཞིགས་ཏེ། དེས་གཏན་འཁེལ་བྱས་པའི་ཐོ་འགོད་ས་ཚིགས་སུ་དྲ་ཐོག་ཐོ་འགོད་དང་དྲ་ཐོག་ངོས་ལེན(ཡུལ་དངོས་ནས་ངོས་ལེན)གྱི་འགྲོ་ལུགས་སྒྲུབ་དགོས། 

སློབ་གསོ་པུའུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་སྙོམ་སྒྲིག་བྱ་བའི་དོ་དམ་ཚད་གཞི་ལ་ཤུགས་སྣོན་བྱེད་པ་དང་། སློབ་མའི་སྙོམ་སྒྲིག་གི་གཞི་རྩའི་བླང་བྱ་ནི་ན་ནིང་དང་གཅིག་མཚུངས་བྱེད་དགོས་པའི་བླང་བྱ་བཏོན། བཟོ་ཚོང་དོ་དམ་དང་སྤྱི་བའི་དོ་དམ། རྩིས་གཉེར། ཡུལ་སྐོར་དོ་དམ། དཔེ་དེབ་གསང་འཕྲིན། བཟོ་སྐྲུན་དོ་དམ། རྩིས་བཤེར་སོགས་ཆེད་ལས7གྱི་ཐོག་མའི་རྒྱུགས་སྤྲོད་ཀྱི་རྒྱུགས་གཞི་གཅིག་མཚུངས་ཡིན་པར་དམིགས་ཏེ། དྲང་བདེན་དང་དྲང་གཞག་ཡོང་བའི་ཆེད། ད་ལོར་སློབ་མས་ཆེད་ལས7གྱི་བར་སྙོམ་སྒྲིག་བྱེད་སྐབས། གཞན་པའི་སྙོམ་སྒྲིག་གི་ཆ་རྐྱེན་དང་མཐུན་དགོས་པའི་རྨང་གཞི་སྟེང་། ཐོག་མའི་རྒྱུགས་སྤྲོད་ཀྱི་རྒྱུགས་འབྲས་དེ་སྙོམ་སྒྲིག་བྱེད་པའི་ཆེད་ལས་ཀྱི་ས་ཁུལ་དེའི་རྒྱལ་ཡོངས་ཀྱི་ཐོག་མའི་རྒྱུགས་སྤྲོད་རྒྱུགས་འབྲས་ཀྱི་གཞི་རྩའི་བླང་བྱ་དང་ཡང་མཐུན་དགོས་ཞེས་གསལ་བོར་གཏན་འཁེལ་བྱས་ཡོད།

སློབ་གསོ་པུའུ་ཡིས་ཟླ9པའི་ཚེས22ཉིན་ནས་ཚེས26ཉིན་བར“ཀྲུང་གོ་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་ཆ་འཕྲིན་དྲ་བའི”སྟེང“2022ལོའི་རྒྱལ་ཡོངས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་གྱི་དྲིལ་སྒྲོག་འདྲི་རྟོག”གི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། སྐབས་དེར་སློབ་བསྡུ་ལས་ཁུངས་སོ་སོས་དྲ་ཐོག་ནས་སློབ་མའི་དྲི་བར་ལན་གདབ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།