ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ་བདུན་རིང་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་གཏོང་འདྲེན་གྱི་བསྡོམས་འབོར7.3%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཞབས་ཞུ་གཏོང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར28093.6ཟིན་ཞིང་། དུས་མཚུངས་ལས7.3%འཕར་ཡོད། ཞབས་ཞུ་ཕྱིར་གཏོང་གི་འཕར་ཚད་དེ་ནང་འདྲེན་ལས་བརྒྱ་ཆའི་ཚེག27.2ཡི་ཆེ་བ་དང་། ཞབས་ཞུའི་ཚོང་དོན་གྱི་གཏོང་ཉུང་འདྲེན་མང་གི་ཧེ་བག70%ཆག་ནས་སྒོར་དུང་ཕྱུར1347.5སླེབས་པ་དང་། དུས་མཉམ་ལས་སྒོར་དུང་ཕྱུར3140.2ཆག་ཡོད།

ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཉོ་ཚོང་གི་བསྡུར་ཚད་ཇེ་མཐོར་ཕྱིན་ཡོད། ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་གཏོང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར1288.2ལ་སླེབས་པ་དང11.8%འཕར་ཡོད། དེས་ཞབས་ཞུའི་གཏོང་འདྲེན་བསྡོམས་འབོར་གྱི45.8%བཟུང་ཞིང་། བརྒྱ་ཆའི་ཚེག1.8ཇེ་མཐོར་སོང་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།