ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུང་ཀྲུང་ཧྭའི་དགེ་སྒྲུབ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བཅུ་གཅིག་པར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཝང་ཡུང་ཀྲུང་ཧྭའི་དགེ་སྒྲུབ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བཅུ་གཅིག་པར་ཞུགས་སྐབས་དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་ཉམས་ཞན་ལ་རོགས་སྐྱོར་སྔར་བས་ཡག་པོ་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་པེ་ཅིང་དུ་ཀྲུང་ཧྭའི་དགེ་སྒྲུབ་བྱ་དགའི་གཟེངས་བསྟོད་ཚོགས་ཆེན་སྐབས་བཅུ་གཅིག་པར་ཞུགས་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་དང་། དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན། དགེ་སྒྲུབ་ཀྱི་བགོ་སྤྲོད་ཐེངས་གསུམ་པའི་ནུས་པ་འདོན་སྤེལ་བཅས་ཀྱི་སྲིད་ཇུས་ལམ་སྲོལ་འཐུས་ཚང་དུ་བཏང་ནས། དུས་རབས་གསར་པའི་དགེ་སྒྲུབ་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། ཉམས་ཞན་ལ་རོགས་སྐྱོར་སྔར་བས་ཡག་པོ་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས། 

ཝང་ཡུང་གིས་བསྟན་དོན། དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རང་རྒྱལ་གྱི་དགེ་སྒྲུབ་བྱ་གཞག་ལ་འཕེལ་རྒྱས་གང་མགྱོགས་བྱུང་ནས། དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་དང་། རིམས་ནད་ཀྱི་གནོད་འཚེར་འགོག་རྒོལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་བཅས་ཀྱི་ཁྲོད་བྱས་རྗེས་གལ་ཆེན་བཞག་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། དགེ་སྒྲུབ་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐུལ་ལྕག་སྲིད་ཇུས་བྱེད་ཐབས་འཐུས་ཚང་དང་དོན་འཁྱོལ་བྱས་ཏེ་ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་བ། དགེ་སྒྲུབ་རྩ་འཛུགས་སྣ་ཚོགས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་ནས། རྒན་རྒོན་དང་དབང་བོོ་སྐྱོན་ཅན་ལ་རོགས་སྐྱོར་དང་། བྱིས་པ་དང་དཀའ་ཁག་ཅན་ལ་རོགས་རམ། སློབ་སྐྱོར་སྨན་རོགས་སོགས་སྤྱི་ཕན་རོགས་སྐྱོར་བྱེད་སྒོ་སྤེལ་བར་སྐུལ་ལྕག་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱེད་པར་གཞོགས་འདེགས་བྱེད་པ་དང་། སྔོན་ལ་ཕྱུག་པོ་གྱུར་པ་དག་གིས་རྗེས་མ་དག་གི་ཕྱུག་འགྱུར་ལ་སྣེ་འདྲེན་པའི་སྤྱི་ཚོགས་ལ་དྲིན་གཟོ་དང་ཐུགས་ཁུར་བྱེད་པར་ཁྲིད་སྟོན་བྱེད་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་དང་ལྟ་སྐུལ་དོ་དམ་ནུས་ལྡན་དང་། དགེ་སྒྲུབ་ལས་རིགས་ཀྱི་རང་གཅུན་དང་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། རང་རྒྱལ་གྱི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།