ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས16པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས16པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན།

དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྐབས16པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ།

དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས16པའི་ཐོག ཚོགས་པ་ཡོངས་ཀྱི་བློ་མཐུན་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཤིང་། དབང་བོ་སྐྱོན་ཅན་ལུས་རྩལ་པ་དག་གིས་རང་སྟོབས་འབད་འཐབ་བྱས་ཏེ། གསེར་གྱི་རྟགས་མ96དང་། དངུལ་གྱི་རྟགས་མ60། ཟངས་ཀྱི་རྟགས་མ51བཅས་ཀྱི་གཡུར་ཟའི་གྲུབ་འབྲས་བླངས་ཤིང་། ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གྲུབ་འབྲས་ཐོབ་སྟེ། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་གསར་པ་བརྩོན་ལེན་བྱས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ། 

སྐབས་འདིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཐོག ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཤིང་། འགན་འཁྲི་ཕྲག་ཏུ་འཁུར་བ་དང་། འབད་འཐབ་བྱེད་པར་ང་ཡོད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། པྲོག་གསར་གློ་ཚད་ཀྱི་ཉེན་ཁས་འགྲན་ཞུགས་ལ་བསྩལ་པའི་འགྲན་སློང་དྲག་པོ་ཁྱད་དུ་བསད་ནས། ཚད་བརྒལ་བྱེད་ཕོད་པ་དང་དཔའ་ངར་ཆེར་སྐྱེད་ཀྱིས་གྲུབ་འབྲས་བརྩོན་ལེན་བྱས་ཏེ་འགྲན་ཞུགས་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་ལ། དུས་རབས་གསར་པར་རང་རྒྱལ་གྱི་དབང་བོ་སྐྱོན་ཅན་ལུས་རྩལ་པས་མཐར་སོན་ལ་འགྲན་སློང་དང་། འབད་འབུངས་ཡར་བརྩོན། སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མངོན་པ་མ་ཟད། རང་རྒྱལ་གྱི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་བ་མངོན་ཡོད། ཁྱེད་ཚོའི་ངོ་མཚར་ཆེ་བའི་ཉམས་འགྱུར་ཀྱིས་རྒྱ་ཆེའི་དབང་བོ་སྐྱོན་ཅན་རྣམས་ལ་མིག་དཔེ་བསྟན་ཅིང་། དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་གཞག་ལ་བཀྲག་མདངས་བསྣན་ལ། མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་བྱས། ཁྱེད་ཚོའི་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་རྒྱལ་གཅེས་སྤྲོ་སེམས་སྔར་བས་ཆེ་རུ་བསྐྱེད་ཅིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག མཐུན་སྒྲིལ་འབད་འཐབ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པར་བསམ་པའི་སྟོབས་ཤུགས་བསྣན་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་གཟི་བརྗིད་དང་ལ་རྒྱར་བརྩི་བཞིན་ཡོད། 

མིག་སྔར། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་སྤོབས་པ་ཆེར་བསྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་བཞིན་ཡོད། ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལུས་རྩལ་གྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་བཏང་ནས། ང་རྒྱལ་དང་ཟིང་ལོང་སྤོངས་བ་དང་། ཡང་འབད་བསྐྱར་འབད་བྱས་ཏེ། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱི་རང་བཀུར་དང་། རང་རྟོན། རང་བརྩོན། རང་ཚུགས་བཅས་ཡོང་བར་སྐུལ་ལྕག་བཏང་ནས། འགྲན་སློང་ལ་ཁ་གཏད་གཅོག་ཕོད་པ་དང་། ཁམས་གསོ་སྦྱོང་བརྡར་ཧུར་ཐག་བྱས་ཏེ། སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་ཁྲོད་ཞུགས་ནས། ངོ་མཚར་ལྡན་པའི་མི་ཚེ་བརྩམས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་བྱས་རྗེས་སྔར་བས་ཆེ་བ་འཇོག་དགོས། 

མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་བདེ་འཇགས་ངང་ཕྱིར་ལོག་པར་རེ་སྒུག་བྱས་ཡོད།

ཀྲུང་གུང་ཀྲུང་དབྱང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་།

2021ལོའི་ཟླ9པའི་ཚེས5ཉིན།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།