ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་བརྙན་ལམ་ནས་འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་སྐབས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་དགུ་པའི་ཚེས་གསུམ་ཉིན་བརྙན་ལམ་བརྒྱུད་དེ་ཧྥ་རན་སིའི་མཱ་སའེ་རུ་བསྡུས་པའི་འཛམ་གླིང་རང་བྱུང་སྲུང་སྐྱོབ་ཚོགས་ཆེན་སྐབས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས་ཏེ་གཏམ་བཤད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་དགོས་པའི་འདུ་ཤེས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་མཐོང་ཆེན་བླ་ལྷག་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་མི་སྣའི་ནམ་ཟླའི་མཐོ་རིམ་གྲོས་ཚོགས་སྟེང་དུ་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་དགོས་པའི་བཞེད་དགོངས་བཏོན། མི་གྲངས་དུང་ཕྱུར་བཅུ་བཞི་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ནས་བཤད་ན། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གོ་རིམ་ཁྲོད་དུ་ཅིས་ཀྱང་རང་བྱུང་ཁམས་ལ་བརྩི་སྲུང་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས་པར་མ་ཟད། འཕེལ་རྒྱས་ཀྱི་ཁྲོད་ནས་སྲུང་སྐྱོབ་བྱེད་རྒྱུ་དང་སྲུང་སྐྱོབ་ཀྱི་ཁྲོད་ནས་འཕེལ་རྒྱས་ཡོང་བར་འབད་དགོས།

ལིས་ཁི་ཆང་གིས་བསྟན་དོན། ང་ཚོ་འཚོ་ཞིང་གནས་པའི་སའི་གོ་ལ་འདི་ནི་སྐྱེ་ཁམས་མ་ལག་གཏོས་ཆེན་པོ་ཞིག་ཡིན་པས། རྒྱ་མཚོ་དང་ནགས་ཚལ། རྩྭ་ས། བརླན་ས་སོགས་ལ་སྲུང་སྐྱོབ་གང་ཐུབ་བྱས་ཏེ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་དྲ་རྒྱ་ལེགས་པོ་བསྐྲུན་དགོས། རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་བྱ་བས་ཅིས་ཀྱང་ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་བགྲོད་ལམ་སྙེག་དགོས་ལ། ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དང་ལྷད་མེད་འཚོ་བ་རོལ་སྟངས་གསོ་སྐྱོང་བྱེད་དགོས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ཅིས་ཀྱང་མིག་སྔར་དང་རྒྱང་རིང་གཉིས་ཀྱིས་ཕན་ཚུན་ལྟ་རྟོག་དང་ཕན་ཚུན་གྱི་གོམ་འགྲོས་ཇེ་དལ་དུ་གཏོང་བ། ཁྱོན་ཡོངས་སྐུལ་འདེད་ལ་བསྟུན་ཤེས་བཅས་བྱེད་དགོས་པར་མ་ཟད། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་ཐུན་མོང་ཡིན་ལ་འོས་འགན་གྱི་ཁྱད་པར་ཡོད་པའི་ཆོས་ཉིད་བརྩི་སྲུང་བྱས་ཏེ། ཐུན་མོང་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཆར་རྒྱལ་ཁ་ལེན་ཐུབ་དགོས། འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སྔར་ལས་འཐུས་ཚང་དུ་གཏོང་བར་ཅིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཟོས་པའི་སྐྱེ་ཁམས་བཅོས་སྐྱོང་ཆོས་ཉིད་གཏན་འབེབས་ཁྲོད་ཀྱི་བརྒྱུད་ལམ་བྱེད་ནུས་རྒྱུན་འཁྱོངས་བྱས་ཏེ། རང་སོ་སོའི་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་གང་ཐུབ་བྱེད་དགོས།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་སོགས་རྒྱལ་ཁབ་མང་པོའི་ཆབ་སྲིད་མི་སྣ་གལ་ཆེན་ཐེངས་འདིའི་ཚོགས་ཆེན་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།