ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧུ་པེ་ཡི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཟླ་དགུ་པའི་ཚེས་གསུམ་ཉིན་ཧུ་པེ་ཀྲང་ཅ་ཁུག་གི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་དང་འབྲེལ་བའི་གསུང་བཤད་གལ་ཆེན་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་རྒྱུ་དང་། མདོར་བསྡུས་དང་བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ལས་སྒྲུབ་བླང་བྱ་དཀྱིལ་སྙིང་དུ་བཟུང་ནས། ཤུགས་ཆེན་པོས་ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་ཏེ། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དུས་བཅད་ལྟར་བདེ་ལེགས་ངང་སྤེལ་ཐུབ་པར་འགན་ལེན་ཁག་ཐེག་བྱེད་དགོས།

ཧན་ཀྲིན་གྱིས་སྔོན་འགྲོའི་གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས་རྗེས་ནན་གྱིས་བསྟན་དོན། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་དངོས་སུ་གནད་འགག་དུས་སྐབས་སུ་སླེབས་ཡོད་པས། འཆར་གཞི་ལྟར་དུ་སྤུས་ཚད་མཐོ་བའི་ངང་ཚོགས་ར་དང་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་བྱས་ཏེ།  འཁོར་རྒྱུག་དོ་དམ་ཡག་ཐོག་ཡག་བརྩེགས་ཡོང་བར་འབད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།