ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བརྙན་ལམ་ནས2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་གྲོས་ཚོགས་ཀྱི་འཛམ་གླིང་ཞབས་ཞུ་ཉོ་ཚོང་མཐོ་རིམ་གྲོས་ཚོགས་ལ་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་པའི་ཚེས་གཉིས་ཉིན་གྱི་དགོང་མོ། 2021ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་གྲོས་ཚོགས་ཀྱི་འཛམ་གླིང་ཞབས་ཞུ་ཉོ་ཚོང་བརྗེ་རེས་མཐོ་རིམ་གྲོས་ཚོགས་སྟེང་བརྙན་ལམ་བརྒྱུད་དེ་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བསྟན་དོན། ཞབས་ཞུ་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་ལ། དེས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པའི་ཁྲོད་བྱེད་ནུས་གལ་ཆེན་འདོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་དང་ལྷན་དུ་འབད་འབུངས་བྱས་ཏེ། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་གཉིས་རྒྱལ། ཞབས་ཞུ་ཉོ་ཚོང་གི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་མཉམ་དུ་ལག་གདང་སྦྲེལ་ཏེ་རིམས་འགོག་དང་དཀའ་ངལ་ཁྱད་སེལ་བྱེད་དགོས་པ་དང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དང་རྒྱལ་སྤྱིའི་ཉོ་ཚོང་། དངུལ་གཏོང་བཅས་ལ་འཕྲད་ཀྱིན་པའི་གནད་དོན་ཅི་རིགས་སེལ་ཏེ། མཛེས་པའི་མ་འོངས་པ་རེ་བས་བསུ་དགོས།

ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་བརྗེ་རེས་གྲོས་ཚོགས་ཟླ་དགུ་པའི་ཚེས་གཉིས་ཉིན་ནས་ཚེས་བདུན་ཉིན་བར་པེ་ཅིང་དུ་བསྡུ་བཞིན་ཡོད་ལ། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་ནི་གཞི་གྲངས་ཀྱིས་མ་འོངས་པ་བཏོད་རྒྱུ་དང་ཞབས་ཞུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཞེས་པ་དེ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།