ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཡོངས་ཀྱི་ཧྥ་ཤི་སིའི་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་དོན་དྲུག་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་འཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་གསུམ་ཉིན། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཡོངས་ཀྱི་ཧྥ་ཤི་སིའི་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་དོན་དྲུག་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་བཞུག་མོལ་ཚོགས་འདུར་ཞུགས།

ཀྲུང་གོ་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་བྱས་ནས་རླབས་ཆེན་རྒྱལ་ཁབ་བླངས་པ་དེས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བ་ནུས་ལྡན་སྲུང་སྐྱོབ་བྱས་ཤིང་། ཉེ་བའི་དུས་རབས་ཤིག་གི་རིང་ལ་ཕྱི་ཕྱོགས་ཀྱི་ཕར་རྒོལ་དང་བཙན་འཛུལ་གང་མང་བྱས་རུང་ཕམ་ཁ་མྱངས་པའི་མི་རིགས་ཀྱི་ངོ་ཚ་རྩ་བ་ནས་གཙང་སེལ་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་ཧྥ་ཤི་སིའི་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ཁྱབ་སྒྲོག་བྱས་ལ། ཀྲུང་གོས་འཛམ་གླིང་སྟེང་དུ་རྒྱལ་ཁབ་ཆེན་པོའི་གོ་གནས་ཟིན་པ་ཡང་བསྐྱར་གཏན་འཁེལ་བྱས་པ་དང་། ཀྲུང་གོ་མི་དམངས་ལ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དགའ་བའི་མི་དམངས་ཀྱི་བརྩི་འཇོག་ཐོབ་ཅིང་། ཀྲུང་ཧྭ་མི་རིགས་ལ་བླ་ན་མེད་པའི་མི་རིགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་དང་འཇར་འགོག་དམག་འཁྲུག་ལ་ཞུགས་པའི་འཐབ་མོ་བ་རྒན་པ། ན་གཞོན་སློབ་མའི་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད་དེ། ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེ་ལ་གཅེས་སྐྱོང་བྱེད་པ། མ་འོངས་པ་གསར་སྐྲུན་བྱེད་པའི་ཆོད་སེམས་དང་ཡིད་ཆེས། དེ་མིན་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པའི་བླ་མེད་རེ་འདུན་གང་ལེགས་སྒོས་མཚོན་པར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།