ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཁར་གྲོང་འཛུགས་སྐྲུན་ཁྲོད་དུ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཁར་གྲོང་འཛུགས་སྐྲུན་ཁྲོད་དུ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་རིམ་པ་མང་ཞིང་རྒྱུ་རྐྱེན་མང་བའི་མཁར་གྲོང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་མ་ལག་རིམ་བཞིན་འཛུགས་པ་དང་། མཁར་གྲོང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་ཕལ་ཆེར་སྲུང་སྐྱོབ་གང་ལེགས་བྱེད་དགོས་ལ། འདྲ་བཟོ་དང་ཁྱབ་གདལ་བྱེད་ཆོག་པའི་སྟབས་བསྟུན་བཀོལ་སྤྱོད་ཉམས་མྱོང་སྐོར་ཞིག་ཆགས་པར་བྱེད་པ་དང་། འཛུགས་སྐྲུན་རང་བཞིན་གྱི་གཏོར་བརླག་བྱ་སྤྱོད་མངོན་གསལ་སྒོས་ཚོད་འཛིན་བྱེད་པར་མ་ཟད། ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱ་བ་དེ་མཁར་གྲོང་འཛུགས་སྐྲུན་དང་མཉམ་བསྲེས་བྱེད་པའི་ཆགས་སྟགས་ཕལ་ཆེར་ཆགས་པར་བྱེད་དགོས། ཉིས་སྟོང་སོ་ལྔ་ལོའི་བར་དུ་ཁོངས་གཏོགས་ཆ་ཚང་བའི་མཁར་གྲོང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་མ་ལག་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། མཁར་གྲོང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་ནུས་ལྡན་སྒོས་སྲུང་སྐྱོབ་དང་བཀོལ་སྤྱོད་གང་ལེགས་བྱེད་དགོས་ལ། གཏོར་བརླག་བྱེད་མི་ཕོད་པ་དང་གཏོར་བརླག་བྱེད་མི་ཉན་པ། གཏོར་བརླག་བྱེད་མི་འདོད་པའི་སྒྲིག་སྲོལ་རྐྱེན་སྲོལ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱ་བ་དེ་མཁར་གྲོང་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་དགོས་པར་མ་ཟད། མི་དམངས་མང་ཚོགས་ཀྱི་རིག་གནས་རང་རྟོགས་དང་རིག་གནས་རང་རྟོན་སྔར་ལས་མཐོར་འདེགས་སུ་གཏོང་དགོས།  །                                        

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།