ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་སྐབས་བདུན་པའི་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིང་གིས་ཚེས2ཁྱབ་བསྒྲགས་བྱས་དོན། ཧྥ་རན་སིའི་སྲིད་གཞུང་གི་གདན་ཞུ་བྱས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཟླ9པའི་ཚེས3ཉིན་པེ་ཅིང་དུ་བརྙན་ལམ་ནས་སྐབས་བདུན་པའི་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་ཤིས་ཚིག་འབུལ་རྒྱུ་རེད།

ཐེངས་འདིའི་གྲོས་ཚོགས་ནི་ཧྥ་རན་སིའི་སྲིད་གཞུང་དང་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་ཐུན་མོང་ངང་གཙོ་གཉེར་བྱས་པ་དང་། བརྗོད་དོན་ནི“རང་བྱུང་དང་འབྱུང་འགྱུར་གཅིག་ཏུ་འབྲེལ”ཞེས་པ་དེ་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།