ཀྲུང་གོ་བོད་ཀྱི་དྲ་བ།

ཟླ9པའི་ཚེས1ཉིན་པེ་ཅིང་སོགས་གྲོང་ཁྱེར28ཀྱི་མི་ཁྲི272ལྷག་ལ་གློག་རྡུལ་ཅན་གྱི་ཁ་ལོ་བའི་ལག་ཁྱེར་དཔྱད་སྤྲོད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན། གསར་འགོད་པས་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། ཟླ9པའི་ཚེས1ཉིན་ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་དང་ལག་རྒྱུད་རླངས་འཁོར་ས་གནས་གཞན་དུ་ཉོ་ཚོང་ཐོ་འགོད་བྱ་ཆོག་པ། “འགྲིམ་འགྲུལ་དོ་དམ12123”Appཡི་ཐོག་ནས་ཟོག་འདྲེན་རླངས་འཁོར་གྱི་གློག་རྡུལ་ཤར་བགྲོད་ཨང་གྲངས་དཔྱད་སྤྲོད་བྱ་ཆོག་པ། འགྲིམ་འགྲུལ་དོན་རྐྱེན་གྱི་དཔང་རྟགས་རྒྱུ་ཆ་དྲ་སྟེང་ནས་ཀློག་བཤེར་བྱ་ཆོག་པ་བཅས“ངས་དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབ”ཞེས་པའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་བྱ་བར་སྟབས་བདེ་སྐྲུན་པའི་བྱེད་ཐབས་རྒྱལ་ཡོངས་སུ་ཆེས་ཐོག་མར་ཁྱབ་སྤེལ་བཀོལ་སྤྱོད་བྱེད་མགོ་ཚུགས། བྱེད་སྒོ་མགོ་ཚུགས་པའི་ཉིན་དང་པོར་རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བྱེད་ཐབས4བཅོས་བསྒྱུར་བྱས་པ་དང་འབྲེལ་བའི་ལས་སྒོ་ཁྲི290ལྷག་སྒྲུབ་ལ། དེའི་ཁྲོད་པེ་ཅིང་སོགས་གྲོང་ཁྱེར28ཡི་མི་ཁྲི272ལྷག་ལ་གློག་རྡུལ་ཅན་གྱི་ཁ་ལོ་བའི་ལག་ཁྱེར་སྤྲད་པ་རེད།

པེ་ཅིང་དང་ཧྲང་ཧེ། ཀོང་ཀྲིག ཞི་ཨན་སོགས་གྲོང་ཁྱེར28ལ་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་གློག་རྡུལ་ཅན་དུ་གཏོང་བའི་སྐོར་དང་པོའི་གྲས་སུ་བཞག་པས་ཐད་ཀར་དུ་ཁ་ལོ་བ་མི་དུང་ཕྱུར1.15ལྷག་ལ་ཕན་ཁེ་སྐྲུན་པ་དང་། ཚེས1ཉིན་རྒྱལ་ཡོངས་གཅིག་གྱུར་གྱི“འགྲིམ་འགྲུལ་དོ་དམ12123”Appཡིས་མི་ཁྲི272ལྷག་ལ་གློག་རྡུལ་ཅན་གྱི་ཁ་ལོ་བའི་ལག་ཁྱེར་དཔྱད་སྤྲོད་བྱས།

དེ་ལས་གཞན། ཧྲི་ཅ་ཀྲོང་སོགས་གྲོང་ཁྱེར218དུ་ལག་རྒྱུད་རླངས་འཁོར་ཁྲི3.5ལྷག་ས་གནས་གཞན་དུ་ཉོ་ཚོང་ཐོ་འགོད་བྱས་པ་དང་། ཐེན་ཅིང་སོགས་གྲོང་ཁྱེར70རུ་ཟོག་འདྲེན་རླངས་འཁོར་གྱི་གློག་རྡུལ་ཤར་བགྲོད་ཨང་གྲངས་དཔྱད་སྤྲད་བྱས་པ་ལས་གཞན། ཧི་པའེ་སོགས་ཞིང་ཆེན(གྲོང་ཁྱེར) རུ་འགྲིམ་འགྲུལ་དོན་རྐྱེན་གྱི་དཔང་རྟགས་རྒྱུ་ཆ་དྲ་སྟེང་ནས་ཁྲི1.2ཀློག་བཤེར་བྱེད་པའི་ཞབས་ཞུ་འདོན་སྤྲོད་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།