ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་མཇུག་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས1ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་མཇུག་བསྡུས། ཐེངས་འདིའི་ཚོགས་འདུས“ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གྲོས་མོལ་སྲིད་གླེང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་གནང་ཞིང་གསུང་བཤད་སྤེལ། ཁོང་གིས་རྒྱལ་དར་དམངས་བདེ་ནི་ཀྲུང་ཧྭ་མི་རིགས་ཀྱི་འགྱུར་བ་མེད་པའི་དོན་ཆེན་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་ཡོངས་ཁྱབ་ཀྱི་འདུན་མ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། གསར་གཏོད་སྒོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བཏོན་པ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་སྤྱི་འདོམས་ལ་ནན་འཛིན། ཉེན་ཁ་ཆེན་པོར་དོགས་ཟོན་དང་སེལ་པའི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་ནས། མི་དམངས་ཀྱི་མགོ་ཁྲིད་དེ་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགལ་རྐྱེན་ཆེན་པོ་ཁྱད་བསད། འགལ་བ་གལ་ཆེན་ཐག་གཅོད་བཅས་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བར“བྱས་རྗེས་རྨད་བྱུང་གཉིས”བཞག་ལ། དུས་རབས་གསར་པའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་ཡུལ་ཁམས་གསར་པ་བཏོད་ཅིང་། རང་རྒྱལ་གྱི་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་སྒོས་ངོམས་ཡོད་ཅེས་བསྟན།

ཟླ9པའི་ཚེས1ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་གྲོལ། ཐེངས་འདིའི་ཚོགས་འདུས“ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གྲོས་མོལ་སྲིད་གླེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་འགྲིལ་ཚོགས་འདུར་མགོ་འཛིན་གནང་ཞིང་གསུང་བཤད་སྤེལ།  

ཝང་དབྱང་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེནམངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་མགོ་ཁྲིད་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། རྩ་ལག་མཉམ་བཅོས་དང་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཉེན་ཁ་སྔོན་འགོག་དང་བཀག་འགོག་བྱེད་པའི་གྲ་སྒྲིག་དམག་འཐབ་ཡག་པོ་རྒྱག་དགོས་ལ། ཉེན་ཁ་བདེ་གནས་སུ་སྒྱུར་བ་དང་། ཉེན་ཁ་གོ་སྐབས་སུ་སྒྱུར་བའི་འཐབ་ཇུས་ཀྱི་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་བརླིང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་རྩོད་སྒྲུབ་གཅིག་གྱུར་ལ་ཚོད་འཛིན་བྱས་ཏེ། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན་པ་བློ་ལ་བརྟན་པོར་ངེས་དགོས། འཕེལ་རྒྱས་ཀྱི་གྲུབ་འབྲས་སྤྱད་དེ་བདེ་འཇགས་སྲུང་སྐྱོང་གི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་མཁས་པ་བྱེད་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བདེ་འཇགས་ཀྱི་ཁོར་ཡུག་གཏོད་མཁས་པ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་སྒུལ་རྣམ་དོ་མཉམ་དང་མཐུན་སྦྱོར་མཉམ་འཕེལ་མངོན་འགྱུར་བྱེད་དགོས་ཞེས་བསྟན།  

ཝང་དབྱང་གིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ལ། མི་ཚང་མ་བདེ་འཇགས་འཛུགས་སྐྲུན་གྱི་བྱེད་པོ་ཡིན་ལ། མི་ཚང་མ་བདེ་འཇགས་གྲུས་འབྲས་ཀྱི་ལོངས་སྤྱོད་མཁན་ཡིན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”བསམ་བློ་བཅངས་ཤིང་། ཁྱད་ཆོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྟོག་ཞིབ་ཏན་ཏིག་དང་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱས་ནས། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ལ་གཏམ་དོན་ཅན་བཤད་པ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད། རོགས་འདེགས་སྟོབས་ཤུགས་འདོན་དགོས་ཞེས་བསྟན། 

བརྡས་ཐག་བཅད་པ་བརྒྱུད། ཚོགས་འདུས་ཙོའུ་ཅ་དབྱི་དང་ཁྲེན་པའོ་ཧྲེང་། ཡོན་ཧྲུའུ་ཧུང་། ཆན་ཞའོ་ཆན་བཅས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གསབ་སྣོན་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། ཙོའུ་ཅ་དབྱི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དྲུང་ཡིག་ཆེན་མོ་གཞོན་པར་བསྐོས། ཕན་ལི་ཀང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་གསབ་སྣོན་བྱས་ཤིང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་མི་འཁུར། ཡོན་ཧྲུའུ་ཧུང་སློབ་གསོ་ཚན་རིག་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས། ཁྲེན་པའོ་ཧྲེང་དང་ཆན་ཞའོ་ཆན་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོས། བློ་མཐུན་ཁྲེན་ཧྥང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་གྱི་ལས་ཁུར་དགོངས་ཞུ་དང་ལེན་བྱས། 

མཇུག་འགྲིལ་ཚོགས་འདུ་མ་འཚོག་སྔོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཅིན་དབྱི་ལིན་གྱིས་གདན་ཞུས་ལྟར། “ལྕགས་ཕག་ལོའི་གསར་བརྗེ་ཡི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ཁྲོད་ཀྱི་ལོ་རྒྱུས་དོན་སྙིང”ཞེས་པའི་སློབ་སྦྱོང་འཆད་ཁྲིད་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལིའུ་ཆི་པའོ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིན། ལི་པིན། པ་ཐར། ཝང་ཡུང་ཆིང་། ཧོ་ལི་ཧྥུང་། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།