ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་པ་གཞོན་དར་གྱི་གསབ་སྦྱོང་འཛིན་གྲྭའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་པ་གཞོན་དར་གྱི་གསབ་སྦྱོང་འཛིན་གྲྭའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཡིད་ཆེས་བརྟན་པ་དང་ཏང་ལ་བློ་དཀར་བ། དངོས་ཐོག་བདེན་འཚོལ་དང་བྱ་སྤྱོད་ལ་འགན་འཁུར་བ་བཅས་ཀྱིས་སྤྱོད་གོ་ཆེ་ཞིང་འགན་ཁུར་ཐེག་པའི་འཇོན་མིར་འགྱུར་བར་འབད་དགོས། ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའི་སྟོན་དུས་སློབ་སྐབས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་པ་གཞོན་དར་གྱི་གསབ་སྦྱོང་འཛིན་གྲྭ་ཟླ9པའི་ཚེས1ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འཚོགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ལས་བྱེད་པ་གཞོན་པ་ནི་རླབས་ཆེའི་དུས་རབས་སུ་སྐྱེས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཀྱི་སྟོབས་ཤུགས་གསར་པའི་དམག་དཔུང་ཡིན་ཞིང་། ངེས་པར་དུ་ནང་གི་བློ་སྦྱོང་ལ་ཤུགས་བསྣན་ནས་ངོས་ཟིན་མཐོར་འདེགས་བྱས་ཐོག ཡིད་ཆེས་བརྟན་པ་དང་ཏང་ལ་བློ་དཀར་བར་བྱེད་དགོས་ལ། དངོས་ཡོད་ལ་མཐོང་ཆེན་དང་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་། འགན་ཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པར་བྱེད་པ། རྩ་དོན་རྒྱུན་འཁྱོངས་དང་འཐབ་རྩོད་བྱེད་ཕོད་པ། སྒྲིག་ལམ་ནན་སྲུང་དང་མ་ཐིག་ལས་མི་བརྒལ་བ། དཀའ་སྤྱད་སྦྱོང་བརྡར་དང་ནུས་རྩལ་ཇེ་དྲག་བཅས་སུ་བཏང་ནས། སྤྱོད་གོ་ཆེ་ཞིང་འགན་ཁུར་ཐེག་པའི་འཇོན་མིར་འགྱུར་བར་འབད་པ་དང་། ཏང་དང་མི་དམངས་ཀྱི་རེ་འདུན་དང་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་གཏོང་མི་རུང་།

1630542662276367.jpg

ཟླ9པའི་ཚེས1ཉིན། 2021ལོའི་སྟོན་དུས་སློབ་སྐབས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་པ་གཞོན་དར་གྱི་གསབ་སྦྱོང་འཛིན་གྲྭ་ཟླ9པའི་ཚེས1ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འཚོགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།  

1630542662955196.jpg

ཟླ9པའི་ཚེས1ཉིན། 2021ལོའི་སྟོན་དུས་སློབ་སྐབས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་པ་གཞོན་དར་གྱི་གསབ་སྦྱོང་འཛིན་གྲྭ་ཟླ9པའི་ཚེས1ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འཚོགས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།  

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་འཛིན་གྲྭ་འཚོགས་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ཚུན་དུ། ང་ཚོར་དུས་དང་རྣམ་པ་ཀུན་ཏུ་བླ་ན་མེད་པའི་ཕུགས་བསམ་དང་འགྱུར་བ་མེད་པའི་ཡིད་ཆེས་ཀྱི་ཏང་ཡོད། ཕུགས་བསམ་དང་ཡིད་ཆེས་འདི་ནི། མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བཅས་ཡིན། ཕུགས་བསམ་དང་ཡིད་ཆེས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་འདེགས་སྐྱོར་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་འཛིན་བྱེད་པའི་བསམ་བློའི་རྨང་གཞིའང་ཡིན། ཏང་ཡོན་ལས་བྱེད་པར་འགྱུར་བ་མེད་པའི་ཕུགས་བསམ་དང་ཡིད་ཆེས་ཡོད་ཚེ། ད་གཟོད་ཉམས་སད་སྣ་ཚོགས་ཐེག་ཐུབ་པ་དང་། སོང་བ་ཡུན་བརྟན་ཞིང་སོང་བ་རྒྱང་ཐག་རིང་། ཕུགས་བསམ་དང་ཡིད་ཆེས་མེད་པའམ་ཡང་ན་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་མིན་ཚེ། ཉམས་སད་སྣ་ཚོགས་ཐེག་མི་ཐུབ་ཅིང་། གནད་འགག་གི་སྐབས་སུ་སྒེར་སེམས་དང་བསམ་ཚུལ་སྣ་ཚོགས་སྐྱེ་སྲིད་ལ། ཐ་ན་དམག་རྒྱག་ཁར་བྲོས་འགྲོ་བའང་ཡོད། འགྱུར་མེད་ཀྱི་ཕུགས་བསམ་དང་ཡིད་ཆེས་ཡོད་པ་ནི་འགྲུབ་སླ་བ་ཞིག་དང་དཀའ་བ་སྤྱོད་ཐེངས་གཅིག་གིས་གཏན་དུ་བདེ་བ་ཐོབ་པ་ཞིག་མིན་པར། དེ་ནི་འཐབ་རྩོད་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་སྦྱོང་བརྡར་བྱེད་པ་དང་ཉམས་སད་ཐེག་པ་ཞིག་ཡིན། ལས་བྱེད་པ་གཞོན་པ་རྣམས་ཀྱིས་ཡིད་ལ་བརྟན་པོར་འཛིན་རྒྱུ་ཞིག་ལ། ཕུགས་བསམ་དང་ཡིད་ཆེས་བརྟན་པར་བྱེད་པ་ནི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཡིན་པས། དེར་རྒྱུན་པར་སྦྱོང་བ་དང་གསེར་བཙོ་སྦྱང་ལྟ་བུར་བྱེད་དགོས་ཤིང་། ཚེ་གང་པོར་རློམ་དགོས་ལ། ཚེ་གང་པོར་བསྲུང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕུགས་བསམ་དང་ཡིད་ཆེས་བརྟན་པ་དང་ཏང་ལ་བློ་དཀར་བ་གཉིས་ལ་འབྲེལ་བ་དམ་ཟབ་ལྡན། ཕུགས་བསམ་དང་ཡིད་ཆེས་བརྟན་ན་ད་གཟོད་ཏང་ལ་བློ་དཀར་ཐུབ་ལ། ཏང་ལ་བློ་དཀར་བ་ནི་ཕུགས་བསམ་དང་ཡིད་ཆེས་བརྟན་པའི་ཆེས་ལེགས་པའི་འགྲེལ་བཤད་ཡིན། ཏང་ཡོན་ལས་བྱེད་པ་ཏང་ལ་བློ་དཀར་མིན་ལ་ཞིབ་དཔྱད་བྱེད་ན། གསར་བརྗེའི་ལོ་རབས་སུ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་གདོང་མཆོང་དཔུང་གཏོར་དང་རང་སྲོག་བློས་གཏོང་ཐུབ་མིན་ལ་བལྟ་བ་དང་། ཞི་བདེའི་དུས་སྐབས་སུའང་ཞིབ་དཔྱད་ཚད་གཞི་གསལ་པོ་ཡོད་དེ། དཔེར་ན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་ཐུབ་མིན། རང་རྟོགས་ཀྱིས་བསམ་བློའི་སྟེང་དང་ཆབ་སྲིད་ཀྱི་སྟེང་། འགུལ་སྐྱོད་ཀྱི་སྟེང་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་ཐུབ་མིན་དང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་དང་ལག་བསྟར་བྱེད་ཐུབ་མིན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་ཐུབ་མིན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་ཐུབ་མིན་དང་། ཆབ་སྲིད་ཀྱི་སྟེང་གི་བསམ་ཤེས་མཁན་དང་མི་དྲང་པོ་བྱེད་ཐུབ་མིན། ཏང་དང་མི་དམངས་ཀྱི་བྱ་གཞག་ཡོད་ཚད་ལས་མཐོ་བ་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་། རང་རྟོགས་ཀྱིས་རྩ་འཛུགས་ཀྱི་གཏན་འཁེལ་ལག་བསྟར་དང་རྩ་འཛུགས་ཀྱི་བཀོད་སྒྲིག་བརྩི་སྲུང་བྱེད་ཐུབ་མིན་ལ་སོགས་པ་ཡོད་ཚད་ནི་ཏང་ལ་བློ་དཀར་མིན་གྱི་ཐད་ཀའི་ཞིབ་དཔྱད་བྱེད་སྟངས་ཡིན། རྩ་འཛུགས་སྟེང་ལས་བྱེད་པ་གཞོན་པ་དཀའ་སྡུག་ཆེ་བའི་མཐའ་མཚམས་ས་ཁུལ་དུ་ལས་གཉེར་བྱེད་དུ་མངགས་པ་ནི། ཡིད་ཆེས་བྱེད་པ་ཡིན་ལ་དེ་བས་ཀྱང་གསོ་སྐྱོང་བྱེད་པ་ཡིན་པས། ལས་བྱེད་པ་གཞོན་པས་དེ་གཟི་བརྗིད་དུ་བརྩིས་ནས་སྔ་རྗེས་བརྩད་དེ་སོང་ན་འགྲིག གྲི་ནི་རྡོ་བའི་སྟེང་བརྡར་དགོས་ལ། མི་ནི་བྱ་བའི་སྟེང་སྦྱོང་དགོས། དཀའ་བའི་ལ་མོ་མ་བརྒྱུད་ན། འཇིག་རྟེན་གནས་ཚུལ་མཐོང་བ་དཀའ་ཞིང་འཇོན་མིར་འགྱུར་དཀའ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡོད་ཚད་དངོས་ཡོད་གནས་ཚུལ་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ་ནི། ང་ཚོས་གནད་དོན་ལ་བསམ་གཞིག་བྱེད་པ་དང་ཇུས་ཐག་གཅོད་པ། ལས་དོན་སྒྲུབ་པ་བཅས་ཀྱི་མགོ་རྩོམ་ས་དང་མཇུག་བསྡུ་ས་ཡིན་ལ། དངོས་ཡོད་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོ་ནི། དངོས་ཡོད་ལ་ཟབ་འཇུག་བྱེད་པ་དང་དངོས་ཡོད་ལ་རྒྱུས་ལོན་བྱེད་པ་དེ་ཡིན། འདི་ལྟར་བྱས་ན་ད་གཟོད་དངོས་ཐོག་བདེན་འཚོལ་བྱེད་ཐུབ་པ་ཡིན། དངོས་ཡོད་ལ་རྒྱུས་ལོན་བྱེད་དགོས་ན། བརྟག་དཔྱད་ཞིབ་འཇུག་གི་གཞི་རྩའི་ནུས་རྩལ་འདི་ཉིད་ཁོང་དུ་ཆུད་དགོས་པ་ཡིན། མིག་གིས་མར་ལ་ལྟ་ཞིང་གོམ་ཁ་ཡར་ལ་ཕྱོགས་པ་དང་། རྒྱུན་པར་ནན་ཏན་གྱིས་བྱ་བ་སྒྲུབ་པ་དང་། འཐབ་ཕྱོགས་དང་པོར་བསྐྱོད་དགོས་ཤིང་། ཐག་ཉེ་རིང་ཚང་མར་བསྐྱོད་དགོས་པ་དང་བཟང་ངན་ཚང་མར་ལྟ་དགོས་ལ། ལས་བྱེད་པ་དང་མང་ཚོགས་ཀྱི་གཟེངས་བསྟོད་དང་སྐྱོན་བརྗོད་ཚང་མར་མཉན་ནས། དོན་དམ་པའི་གནས་ཚུལ་གསལ་རྟོགས་ཞིབ་རྟོགས་ཡོང་བར་བྱེད་དགོས། “ལུས་པོ”གཞི་རིམ་དུ་བསྐྱོད་དགོས་ལ་“སེམས”ནི་དེ་བས་ཀྱང་གཞི་རིམ་དུ་སླེབས་དགོས་ཏེ། བདེན་གཏམ་ལ་མཉན་པ་དང་གནས་ཚུལ་དངོས་ལ་བརྟག་དགོས་ཤིང་། གནད་དོན་ལ་ཞིབ་འཇུག་ངོ་མ་བྱེད་པ་དང་། གནད་དོན་ངོ་མ་ལ་ཞིབ་འཇུག་བྱེད་དགོས་པ་ལས། ཚུགས་ཀ་བཏོད་ཙམ་གྱི་རྟོག་ཞིབ་དང་འགྲོ་ལུགས་ཙམ་གྱི་རྟོག་ཞིབ། ཕྱི་ཚུལ་ཙམ་གྱི་རྟོག་ཞིབ་བཅས་བྱེད་མི་རུང་། དབྱེ་ཞིབ་དང་བསམ་གཞིག་ཟབ་མོ་བྱེད་པའི་ཐད་ལ་ཤུགས་བརྒྱབ་སྟེ་སྙིགས་དོར་བཅུད་ལེན་དང་བདེན་འཛིན་རྫུན་སྤོང་བྱེད་དགོས་པ་ཡིན། འདི་ལས་དེ་ཤེས་པ་དང་ཕྱི་ནས་ནང་ཤེས་པའི་ཚུལ་གྱིས་བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་རྙེད་པར་བྱེད་ཅིང་གནད་དོན་ཐག་གཅོད་པའི་ཐབས་བཀོད་རྙེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དངོས་ཡོད་ནས་མགོ་རྩོམ་པ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་ནི། བསམ་གཞིག་བྱེད་ཐབས་ཀྱི་གནད་དོན་ཙམ་ཞིག་མ་ཡིན་པར། ཏང་གཤིས་བརྟན་མིན་གྱི་གནད་དོན་ཞིག་ཡིན། མིག་སྔའི་ལས་བྱེད་པའི་དཔུང་སྡེའི་དངོས་ཡོད་ནས་བལྟས་ཚེ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་ནི་ཆེས་ཐག་གཅོད་བྱེད་དགོས་པའི་ཏང་གཤིས་ཀྱི་གནད་དོན་རེད། ལས་བྱེད་པས་དངོས་ཐོག་བདེན་འཚོལ་བྱེད་ཀྱིན་ཡོད་མེད་ནི་ཕྱོགས་མང་པོ་ཞིག་ནས་བལྟས་ཆོག་སྟེ། ཆེས་རྩ་བ་ནི་བདེན་གཏམ་དང་དྲང་གཏམ་བརྗོད་ཀྱིན་ཡོད་མེད་དང་། དོན་དངོས་སྒྲུབ་པ་དང་ཕན་འབྲས་ལ་བརྩོན་གྱིན་ཡོད་མེད་ལ་བལྟ་དགོས་པ་རེད། ན་གཞོན་ལས་བྱེད་པས་ཏང་གཤིས་བརྟན་པོས་ལས་ཀ་སྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བདེན་གཏམ་བཤད་པ་དང་དོན་དངོས་སྒྲུབ་པ། མི་གཞུང་དྲང་ཞིག་བྱེད་པ་དེ་ཏང་གཤིས་ཞུན་བརྡར་དང་སྦྱོང་བརྡར་གྱི་ནང་དོན་གལ་ཆེན་ཏུ་བརྩིས་ནས། བདེན་ལུགས་རྒྱུན་འཁྱོངས་བྱེད་ཕོད་པ་དང་སྒེར་ཚུགས་སྒོས་བསམ་གཞིག་གཏོང་བར་མཁས་པ། དངོས་སྒྲུབ་བདེན་འཛིན་རྒྱུན་འཁྱོངས་བྱེད་དགོས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལས་སྒྲུབ་ཁག་འཁུར་ནི་ལས་བྱེད་པའི་ལས་འགན་ཡིན་ལ་རིན་ཐང་ཡང་ཡིན། ཏང་གིས་ལས་བྱེད་པ་རྣམས་ལས་རྐང་སོ་སོར་བསྐོས་པ་ནི་ཚང་མར་ཁག་འཁུར་བའི་སྒོ་ནས་ལས་ཀ་སྒྲུབ་ཏུ་འཇུག་པ་ལས་དཔོན་གནས་ཁུར་ནས་སྐྱིད་རྒྱག་པའི་ཆེད་མ་རེད། བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་བྱ་བ་ཧ་ཅང་མང་བས་བྱ་བ་ལེགས་པོར་སྒྲུབ་པ་ལ་བྱ་བའི་འགན་ཁག་ལེགས་པོར་འཁུར་དགོས་ལ། ཁག་འཁུར་བ་དང་ལས་ཀ་ལེགས་པོར་སྒྲུབ་པ་ནི་གཞི་གཅིག་ཡིན་ཏེ། ལས་ཀ་ལེགས་པོར་མ་བསྒྲུབས་པ་ནི་ལས་ཀར་ཁག་མ་ཁུར་བ་ཡིན་ལ། ལས་ཀ་ལེགས་པོར་བསྒྲུབ་པ་ལ་ཁག་འཁུར་བྱེད་དགོས་པ་ཡིན། ལས་དོན་སྒྲུབ་པ་ལ་རྒྱུན་པར་ཉེན་ཁ་ཡོད་པ་རེད། ཉེན་ཁ་ཡོད་པའི་དབང་གིས་ད་གཟོད་དེ་ལ་ཁག་འཁུར་དགོས་པ་རེད། ཏང་དང་མི་དམངས་ལ་ཕན་པའི་ལས་གང་ཞིག་ཡིན་ཚེ། ང་ཚོས་དཀའ་ཁག་དང་འོས་འགན་ལ་མི་གཡོལ་བར། སྤོབས་པ་ཆེན་པོས་སྒྲུབ་པ་དང་བློ་ཐག་བཅད་ནས་བསྒྲུབ་དགོས་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། རྩ་དོན་རྒྱུན་འཁྱོངས་བྱེད་པ་ནི་གུང་ཁྲན་ཏང་མིའི་གཤིས་སྤྱོད་གལ་ཆེན་ཏེ། ལས་བྱེད་པ་ཚུལ་ལྡན་ཞིག་ཡིན་མིན་གྱི་ཚད་ཐིག་གཞལ་བའི་ཚད་གཞི་གལ་ཆེན་ཡིན། གུང་ཁྲན་ཏང་མིར་ཆ་མཚོན་ན། “སྐུ་ཞབས་བཟང་པོ”ནི་དོན་དམ་པའི་མི་བཟང་མིན། མི་བཟང་རིང་ལུགས་ལ་བརྩོན་པའི་མི་ལ་སྒེར་སེམས་ལས་སྤྱི་སེམས་མེད་ཅིང་། སྤྱོད་ངན་ལས་སྤྱོད་བཟང་མེད་པར། བཟང་བ་ནི་རང་ཉིད་ཡིན་ལ། མི་ལེགས་པ་ནི་ལུགས་སྲོལ་དང་ལས་དོན་རེད། གུང་ཁྲན་ཏང་མིས་ཏང་གཤིས་བརྗོད་ཅིང་རྩ་དོན་བཤད་དགོས་ལ། འཐབ་རྩོད་གླེང་དགོས་པ་རེད། རྩ་དོན་གྱི་གནད་དོན་ཐད་གཏན་ནས་ཟ་ཟིར་བྱེད་མི་རུང་བ་དང་གཏན་ནས་ཕྱི་ནུར་བྱེད་མི་རུང་། དེ་ལྟར་མ་བྱས་ཚེ་ཏང་དང་མི་དམངས་ལ་འགན་མ་ཁུར་བ་ཡིན་ཞིང་ཐ་ན་ནག་ཉེས་བཟོས་པའང་ཡིན། རྙོག་དྲ་ཆེན་པོའི་མདུན་དུ་རྩ་དོན་བཤད་དགོས་ལ་དོན་ཕྲན་ཚེགས་ཀྱི་ཁྲོད་དུའང་རྩ་དོན་གྱི་གནད་དོན་བཤད་དགོས་པ་ཡིན། ཏང་གི་ལས་བྱེད་པ་ཚང་མར་དྲང་བདེན་གྱིས་ལས་ཀ་སྒྲུབ་པ་དང་ཉེ་རིང་ཕྱོགས་ལྷུང་མེད་པའི་སྙིང་སྟོབས་དགོས་ཏེ། རྩ་དོན་བཤད་པ་ལས་ངོ་སོ་མི་གླེང་བ་དང་ཏང་གཤིས་བརྗོད་པ་ལས་སྒེར་གྱི་མཛའ་བརྩེར་སེམས་མི་རུང་། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། འཛམ་གླིང་དུ་ལོ་བརྒྱ་ཕྲག་རིང་ཡོད་མ་མྱོང་བའི་འཕོ་འགྱུར་གྱི་གནས་སྟངས་ཤིག་མགྱོགས་མྱུར་སྒོས་རིམ་འགྱུར་འབྱུང་བཞིན་ཡོད་ཅིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་ལ། ང་ཚོའི་མདུན་དུ་ལྷགས་པའི་ཉེན་ཁའི་འགྲན་སློང་དེ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་པས། ནམ་རྒྱུན་བག་ཕེབས་ཀྱི་འཚོ་བར་རོལ་བ་ལས་འཐབ་རྩོད་བྱེད་མི་འདོད་པ་ནི་དངོས་ཡོད་དང་མི་མཐུན་པ་ཞིག་རེད། སྟོང་བསམ་བསྐྱུར་ནས་འཐབ་རྩོད་བྱེད་སྤོབས་དགོས་ལ། རྩ་དོན་གྱི་གནད་དོན་སྟེང་དུ་གོམ་གང་ཡང་ཕྱིར་ནུར་མི་བྱེད་པ་དང་ས་འདོམ་གང་ཡང་འཆོར་དུ་མི་འཇུག་པར། སྔར་མེད་པའི་བློ་སྟོབས་དང་གཤིས་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། གུང་ཁྲན་ཏང་མིས་དུས་ནམ་ཡང་གཞན་གྱི་ཟེར་སྒྲོས་སུ་མི་འབྲངས་པ་དང་རང་ཚུགས་བརྟན་པོར་སྲུང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ལམ་ལ་དང་དོད་དང་། མ་ཐིག་སྲུང་བར་ཐོག་མར་སེམས་ནས་བཀུར་ཞིང་སྐྲག་དགོས། སེམས་སུ་སྐྲག་སྣང་ཡོད་ཚེ་གཞི་ནས་སྐད་ཆ་ལ་སྡོམ་པ་དང་ལག་ལེན་ལ་ཚད་བཀག་ཡོད། ལས་བྱེད་པས་བཀུར་ཞིང་སྐྲག་པ་དང་དོགས་ཟོན་བྱེད་པ། མ་ཐིག་སྲུང་བ། ཏང་ལ་བཀུར་ཞིང་སྐྲག་པ་དང་། མི་དམངས་ལ་བཀུར་ཞིང་སྐྲག་པ། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་བཀུར་ཞིང་སྐྲག་པ་བཅས་ངེས་པར་དུ་ཤེས་དགོས། རང་གཅུན་ནན་མོ་བྱས་ན་ད་གཟོད་རང་ལ་བླང་བྱ་ནན་མོ་ཡོང་ཐུབ། ལས་བྱེད་པ་ཞིག་གིས་འཇིག་རྟེན་ལྟ་བ་དང་མི་ཚེ་ལྟ་བ།རིན་ཐང་ལྟ་བ་བཅས་ཀྱི་སྤྱིའི་འགག་སྒོ་དམ་པོར་བསྡམས་པ་དང་། བསམ་བློའི་གོ་རྟོགས་དང་བསམ་པའི་འཁོར་རྒྱ་ཇེ་མཐོར་བཏང་ཚེ། ད་གཟོད་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་འདོད་པ་བྱ་ཐུབ། ང་ཚོ་གུང་ཁྲན་ཏང་མིའི་དམིགས་ཡུལ་ནི་སྤྱི་ལ་གཞོལ་བ་དང་སྲུང་བྱ་ནི་བདེན་དོན་ཡིན་ལ། བསམ་བྱ་ནི་བདག་ཆེན་པོ་ཡིན་པས། སྔར་ལས་བསམ་པ་དྲང་ཞིང་གནས་ལུགས་རྟོགས་པའི་སྒོ་ནས་ཀུན་སྤྱོད་ལེགས་པོ་དང་རང་སྲུང་ནན་མོ་བྱེད་དགོས་ལ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་སེམས་ནང་གི་ཆས་མཐོ་ཤོས་སུ་བཞག་སྟེ། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ་དང་། སྤྱོད་པ་ཚུལ་དང་མཐུན་པའི་མི་ཞིག་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེ་བའི་དུས་རབས་སུ་གནས་ཤིང་། སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་བྱ་གཞག་སྒྲུབ་བཞིན་ཡོད། གལ་ཏེ་ཤེས་བྱ་མི་འདང་བ་དང་མཐོང་རྒྱ་མེད་པ། ནུས་པ་མི་ཆེ་བ་བཅས་བྱུང་ཚེ་ལས་དོན་ལ་འཐུས་ཤོར་འབྱུང་ངེས། ན་གཞོན་ལས་བྱེད་པ་ནི་སེམས་ཤུགས་ཆེ་བ་དང་། བསམ་བློར་འཁྲུག་ཆ་དོད་པ། དང་ལེན་བྱེད་ནུས་ཆེ་བ་བཅས་ཡིན་ལ། འཇོན་ཐང་ཆེ་བ་དང་འཇོན་ཐང་ལྡན་པའི་དུས་སྐབས་བཟང་པོ་ཞིག་ཏུ་གནས་ཡོད་པས། ངེས་པར་དུ་དུས་ཚོད་ལ་གཅེས་སྤྲས་དང་སྟོང་ཟད་དུ་མི་གཏོང་བར་སྐོམ་པ་ཆུ་འདོད་ལྟར་སློབ་སྦྱོང་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་རང་ཉིད་ཀྱི་ཕྱོགས་ཡོངས་མཐོ་རུ་གཏོང་དགོས། “བཙིར་བ”དང“འབིགས་པའི”སྙིང་སྟོབས་དར་སྤེལ་བཏང་ནས་དཔེ་དེབ་མང་ཙམ་ཀློག་པ་དང་དཔེ་དེབ་ཡག་པོ་བཀླགས་ཏེ། དཔེ་དེབ་ཁྲོད་ནས་བློ་གྲོས་དང་ཉིང་བཅུད་འཚོལ་དགོས། བྱ་བའི་དགོས་མཁོ་དང་ཟུང་འབྲལ་བྱས་ཏེ་ཅི་ཞིག་སྦྱོང་དགོས་པ་དང་། ཅི་ཞིག་མི་འདང་ན་དེ་ཁ་གསབ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱེད་པ། དཔལ་འབྱོར་དང་ཆབ་སྲིད། བཅའ་ཁྲིམས། རིག་གནས། སྤྱི་ཚོགས། དོ་དམ། སྐྱེ་ཁམས། རྒྱལ་སྤྱིའི་སོགས་རྨང་གཞིའི་རང་བཞིན་གྱི་ཤེས་བྱར་སློབ་སྦྱོང་བྱེད་པ། རང་འགན་བྱ་བ་ཡག་པོ་སྒྲུབ་པ་དང་། འབྲེལ་ཡོད་ཤེས་བྱ་གསར་པ་དང་རྩལ་ནུས་གསར་པར་སློབ་སྦྱོང་བྱེད་པ་བཅས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱེད་པའི་དགོས་ངེས་ཀྱི་ཤེས་བྱའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ལག་ལེན་ལས་ཤེས་ཡོན་ཡང་དག་འབྱུང་ཞིང་། ལག་ལེན་ལས་འཇོན་ཐང་ངོ་མ་མངོན་ཡོང་། ལས་ཀའི་ཁྲོད་སློབ་པ་དང་སློབ་སྦྱོང་ཁྲོད་སྒྲུབ་པ་ནི། མགོ་ཁྲིད་ལས་བྱེད་པ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ལྡོག་མེད་ལམ་བུ་ཡིན། ལག་ལེན་བྱེད་པ་འདྲ་མཚུངས་ཡིན་ཀྱང་། དེར་དངོས་གནས་བློ་སེམས་སྒྲིམ་མིན་དང་། ཕྱོགས་སྡོམ་དང་བསམ་གཞིགས་བྱེད་མཁས་མིན་གྱིས། ཐོན་འབབ་ཆེ་ཆུང་དང་མཐོར་འདེགས་འབྱུང་ཚད་ཀྱང་མི་འདྲ་བ་ཐོན་པ་རེད། གལ་ཏེ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བསྒྲུབས་ཀྱང་སེམས་ཤུགས་མ་བཏོན་པར་ལས་ཀའི་ཙམ་གྱི་དབང་དུ་སོང་ཚེ། ངོས་འཛིན་བྱེད་ཚད་དང་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བ་དེ་ཧ་ཅང་ཁག་པོ་རེད།

ཁྲིན་ཞི་ཡིས་སློབ་མགོ་ཚུགས་པར་མགོ་འཛིན་མཛད་སྐབས། ན་གཞོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་ངེས་ནས། བསམ་བློ་དང་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་ཤུགས་སྣོན་རྒྱག་པ་དང་། ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་སྤྱོད་ལམ་ཞུན་བརྡར་བྱེད་པ།ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་བརྡར་བྱེད་པ།ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་འབད་བརྩོན་ལྷོད་མེད་དང་བྱས་རྗེས་འཇོག་དགོས་པ་བསྟན།

ཏིང་ཞུའེ་ཞང་། ཧོང་ཁུན་མིང་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།

2021ལོའི་སྟོན་དུས་སློབ་སྐབས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་གཞོན་དར་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སློབ་མགོ་ཚུགས་པའི་མཛད་སྒོའི་སྟེང་ཟུར་ཞུགས་གནང་། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།