ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ལྟ་སྐུལ་ཚོགས་པ་གསུམ་པ་ཧུའུ་པའེ་རུ་བཅའ་སྡོད་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་ལྟ་སྐུལ་ཚོགས་པ་གསུམ་པ་ཉེ་དུས་ཧུའུ་པའེ་ཞིང་ཆེན་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་ལྟ་སྐུལ་བྱེད་མགོ་ཚུགས། གསར་འགོད་པས་ཚེས31ཉིན་ཝུའུ་ཧན་དུ་བསྡུས་པའི་ལྟ་སྐུལ་ཚོགས་པའི་བཅའ་སྡོད་སྐུལ་སློང་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། གོང་རིམ་གྱི་བཀོད་སྒྲིག་ལྟར་ལྟ་སྐུལ་ཚན་པ་ཟླ་ངོ་གཅིག་གི་རིང་ལ་ལྟ་སྐུལ་བཅའ་སྡོད་བྱ་རྒྱུ་རེད།

བཅའ་སྡོད་བྱེད་སྐབས(2021ལོའི་ཟླ8པའི་ཚེས31ཉིན་ནས་ཟླ9བའི་ཚེས30ཉིན་བར)ཆེད་དུ་ལས་རེས་ཁ་པར027-68881984དང་སྦྲག་སྲིད་ཡིག་སྒམ་ཧུའུ་པའེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་ཡིག་སྒམA104གཉིས་བཀོད་སྒྲིག་བྱས་ཡོད། ལྟ་སྐུལ་ཚོགས་པས་ཞུ་གཏུགས་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི8:00-20:00ཡིན་ལ་གཙོ་བོ་ཧུའུ་པའེ་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཞུ་གཏུགས་ཁ་པར་དང་འཕྲིན་ཡིག་བདག་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།