ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཚོགས་པ་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)16ཏུ་ཡུལ་དངོས་ལྟ་སྐུལ་བྱེད་དུ་བསྐྱོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཏིང་ཟབ་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་། ཀྲུང་དབྱང་ནོར་སྲིད་བྱ་བའི་ཚོགས་འདུ་བཀོད་སྒྲིག་དང《སྲིད་གཞུང་བྱ་བའི་སྙན་ཞུ》ནང་བཏོན་པའི་དམིགས་འབེན་འོས་འགན་དངོས་འབེབས་བྱེད་པར་སྐུལ་འདེད། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”མགོ་ཡག་པོ་ཚུགས་པར་ཁག་ཐེག་བཅས་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཐེངས་བརྒྱད་པ་སྤེལ་རྒྱུའི་གཏན་འབེབས་བྱས། གྲ་སྒྲིག་གང་ལེགས་བྱས་མཐར་ལྟ་སྐུལ་ཚོགས་པ16པོ་ཚེས31ཉིན་པེ་ཅིང་གྲོང་ཁྱེར་དང་ཐེན་ཅིང་གྲོང་ཁྱེར། ཧི་པའེ་ཞིང་ཆེན། ཧྲན་ཞི་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ལའོ་ཉིང་ཞིང་ཆེན། ཅི་ལིན་ཞིང་ཆེན། ཨན་ཧའེ་ཞིང་ཆེན། ཅང་ཞི་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། ཧའེ་ནན་ཞིང་ཆེན། ཁྲུང་ཆིན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཅས་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)དུ་ཉིན10ཡས་མས་ལ་ཡུལ་དངོས་ནས་ལྟ་སྐུལ་བྱ་རྒྱུ་རེད།

ལྟ་སྐུལ་ཞིབ་བཤེར་ཚོགས་པས་གཞི་རིམ་གྱི་ལས་ཡུལ་དང་པོ་དང་ཞིང་ཁ་རུ་ནང་། ཁེ་ལས། ཚན་རིག་ཞིབ་འཇུག་ཁང་དང་སུའོ་བཅས་སུ་སོང་ནས“བརྟན་བརླིང་དྲུག”གི་ལས་དོན་ཡག་པོ་བསྒྲུབ་ཡོད་མེད་དང“འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཡོད་མེད་དང་། ཁྲལ་འཕྲི་ཡོན་གཅོག་གིས་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་ནང་མཁོ་རྒྱ་སྐྱེད་བྱས་ཏེ་ལས་ཞུགས་འགན་ལེན་བྱེད་པ། “གློད་སྡོམ་ཞབས”གསུམ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། 2020ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གནད་དོན་གཞན་དག་རྩིས་བཤེར་བྱེད་སྐབས་ལྷང་ལ་བུད་པའི་གནད་དོན་རིགས་ཞིབ་བཤེར་དག་ཐེར་བྱས་པ་སོགས་ཀྱི་ཐད་ལ་ལྟ་སྐུལ་བྱ་རྒྱུ་མ་ཟད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་རྨོ་ཞིང“ཞིང་མིན་ཅན”དང“འབྲུ་མིན”ཅན་དུ་བསྒྱུར་བ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས། སློབ་གྲྭའི་བདེ་འཇགས་སོགས་ཐད་ཀྱི་གནད་དོན་དང་ཁུངས་སྣེ་རྣམས་ཡུལ་དངོས་ནས་ཞིབ་བཤེར་བྱས་ཏེ་མི་དམངས་མང་ཚོགས་དང་ཁྲོམ་རའི་བྱེད་པོའི་སེམས་ཁྲལ་དང་། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་རྣམས་ཐག་གཅོད་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།

ཡུལ་དངོས་ལྟ་སྐུལ་ཁྲོད། ལྟ་སྐུལ་ཚོགས་པ་སོ་སོས་གནད་དོན་སྣེ་ཁྲིད་དང་གནད་འཕིགས་ནུས་འདོན། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གཏིང་ཟབ། ལྟ་སྐུལ་དང་རོགས་སྐྱོར་མཉམ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ལྟ་སྐུལ་མི་སྣའི་གསུམ་ཆའི་གཉིས་ཡན་དང་གསུམ་ཆའི་གཉིས་ཡན་གྱི་དུས་ཚོད་ཁུངས་སྣེ་ཞིབ་བཤེར་དང་ལྐོག་འདྲི་ལྟ་སྐུལ་ཐད་བཀོལ་རྒྱུ་ཁག་ཐེག་བྱ་རྒྱུ་དང་། མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་གྱིས་གཞི་རིམ་གྱི་དཀའ་ཁག་དངོས་ཐག་གཅོད་བྱེད་པར་རོགས་སྐྱོར་བྱ་རྒྱུ། “ཆེས་མཐའ་མཇུག་གི་ལེ་དབར་གཅིག”སྲིད་ཇུས་དངོས་འབེབས་བྱ་རྒྱུ། བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་མགྱོགས་མྱུར་སྒོས་དངོས་འབེབས་དང་ལས་གཞི་གལ་ཆེན་མགྱོགས་མྱུར་སྒོས་དོན་འཁྱོལ། དམངས་འཚོའི་བཟོ་བཀོད་གལ་ཆེན་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།