རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས31ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པས་ཚང་འཛོམས་གྲོས་ཚོགས་བསྡུས། རྒྱུན་ཨུ12ཀྱིས“ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན”ལ་དམིགས་ནས་ཚོགས་ཆེན་སྟེང་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས། 

ཟླ8པའི་ཚེས31ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པས་ཚང་འཛོམས་གྲོས་ཚོགས་བསྡུས། རྒྱུན་ཨུ12ཀྱིས“ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན”ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས།  

རྒྱུན་ལས་ཨུ་ཡོན་ཀུའོ་ཀེང་མའོ་དང་ཀྲི་ཧྲུའུ་ཕིང་གཉིས་ཀྱིས་མཉམ་འབྲེལ་གཏམ་བཤད་གནང་། ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ། རྩ་འཛུགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱས་ནས། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་དངོས་འབྲེལ་དོན་འཁྱོལ་བྱས་ཏེ། ཏང་གི་མགོ་ཁྲིད་ཀྱི་ལེགས་ཆ་དེ་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོའི་འཛུགས་སྐྲུན་བྱེད་པའི་ཕན་ནུས་ཆེན་པོར་བསྒྱུར་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཀྲང་མའོ་ཡིས་སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་ལ་ཤུགས་བསྣན་ཏེ། ཚད་གཞི་མཐོ་བའི་ཁྲིམས་ལུགས་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཁྲིམས་འཛིན་གྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཁེ་ལས་ལ་ལུགས་མཐུན་ངང་ཁྲིད་སྟོན་དང་ལྕག་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། དྲང་གཞག་འགྲན་རྩོད་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཀྲང་ཧྲའུ་ཀྲི་ཡིས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྤེལ་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་སྔོན་དཔག་བརྟན་བརླིང་དང་། རྩ་བ་བརྟན་གཏོང་། ཕུགས་ཕན་ཡུན་རིང་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས། བདེ་འཇགས་ཀྲུང་གོའི་འཛུགས་སྐྲུན་ལ་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བྱེད་ཐབས་ཀྱིས་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་སྐྱོང་གི་བྱ་ཐབས་ཀྱིས་འཆམ་མཐུན་བརྟན་ལྷིང་ལ་འགན་ལེན་བཅས་བྱེད་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཀྲོའུ་ཅན་མིན་གྱིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམ་པོར་དམིགས་ནས། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གནད་ལས་གང་མགྱོགས་སྒྲོལ་བ་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཁྲེན་རུང་ཧྲུའུ་ཡིས་ངལ་རྩོལ་འགན་སྲུང་གི་བཅའ་ཁྲིམས་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས། ལས་བཟོ་བའི་ཁེ་དབང་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་བྱེད་སྟངས་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཞ་ཐའོ་ཡིས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། རྨོ་ཞིང་སྲུང་སྐྱོང་དང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་གྱི་ལམ་ལུགས་ནན་ཤོས་དོན་འཁྱོལ་དང་། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ལྕག་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་གྱི་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཧོང་ཏན་ཧྭ་ཡིས་རྒྱང་རིང་ལ་དམིགས་ནས་ཞན་ཆ་དང་སྐྱོན་ཆ་གསབ་ཏེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་རང་བརྟེན་ཚོད་འཛིན་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་མ་ལག་གི་རྡབ་རྡེག་འགོག་ནུས་ཆེ་རུ་གཏོང་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཅ་ཆིང་གོ་ཡིས་ཕྱི་རྒྱལ་གྱི་ཁེ་དབང་སྲུང་སྐྱོང་དང་རྒྱ་ཆེར་གཏོང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས། ཕྱི་རྒྱལ་གྱི་ཁེ་ཕན་སྲུང་སྐྱོང་དང་ཉེན་ཟོན་སྔོན་བརྡའི་མ་ལག་བཙུགས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་འགན་ལེན་ཏན་ཏིག་བྱེད་དགོས་པའི་གྲོས་མགོ་བཏོན།

རྒྱུན་ལས་ཨུ་ཡོན་མཱ་ཀྲེང་ཆི་ཡིས་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྲོལ་འཐུས་ཚང་དང་། ཁེ་ལས་ཀྱི་རང་གཅུན་ལ་ཤུགས་སྣོན། ཁྲིམས་བསྟར་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ལི་ཧྲའོ་ཕིང་གིས་འབྱུང་རྩའི་བཅོས་སྒྲིག་ལ་ཤུགས་སྣོན་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་སྔོན་འགོག་དོ་དམ་ཚོད་འཛིན་བྱེད་པ། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ཉེས་གསོག་བྱ་སྤྱོད་ལ་ཆད་གཅོད་དང་བཀག་འགོག་མཉམ་འཛིན་གྱི་བཅོས་སྒྲིག་བྱེད་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཉིའུ་རུའུ་ཅུ་ཡིས་ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭའི་ལོ་རྒྱུས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློ་གཅིག་འཛིན་གྱི་ནུས་པ་མཐོར་འདེགས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཙུགས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་བསྐྲུན་པར་སྐུལ་འདེད་གཏོང་དགོས་པའི་གྲོས་མགོ་བཏོན། 

རྒྱུན་ལས་ཨུ་ཡོན་ཐན་ཅིན་ཆིའུ་དང་ཐང་དབྱིན་ཉན་གཉིས་ཀྱིས་མཉམ་འབྲེལ་གཏམ་བཤད་སྤེལ་ཏེ། ཞང་ཀང་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ལས་དོན་ཧུར་ཐག་གིས་བསྒྲུབས་ནས། སྤྱི་ཚོགས་ལས་རིགས་སོ་སོས་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་མཛད་རྗེས་ལ་ངོས་ལེན་གང་ལེགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དོ་དམ་བཅོས་སྐྱོང་ཚོགས་པར་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཞང་ཀང་མགྱོགས་མྱུར་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་གྲོས་མགོ་བཏོན། 

ཚོགས་འདུས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་ཀྱིས་ཁུར་བའི་ལི་པིན་སོགས་ཀྱི་འབྲེལ་ཡོད་གནད་དོན་ཐད་ཀྱི་གསལ་བཤད་ལ་གསན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་ཚོགས་འདུར་མགོ་འཛིན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མཱ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧི་ཝེ། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།