ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་དྲུག་པའི་མགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་ལ་གཟིགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྙན་མོ་གླུ་ཡིས་བདེ་སྐྱིད་འཚོ་བར་བསྟོད། སྒེག་ལྡན་བྲོ་ཡིས་བློ་སྟོབས་རབ་ཏུ་མཚོན། ཚེས31ཉིན་གྱི་དགོང་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་དྲུག་པའི་མགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་བཅས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མང་ཚོགས3000ཙམ་དང་མཉམ་དུ་དགོང་ཚོགས་ལ་གཟིགས། 

 པར་འདི་ནི་འཁྲབ་སྟོན་མ་བྱས་གོང་ཞི་ཅིན་ཕིང་དང་བཅས་པས་རིག་རྩལ་མཉམ་འཁྲབ་ཀྱི་འཁྲབ་སྟོན་མི་སྣའི་འཐུས་མི་དང་རྩ་འཛུགས་ཨུ་ལྷན་གྱི་ཁོངས་མི། མི་རིགས56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཟླ8པའི་ཚེས31ཉིན་གྱི་དགོང་མོར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་དྲུག་པའི་མགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་བཅས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་དགོང་ཚོགས་ལ་གཟིགས།  

མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲི་ཤོང་བའི་ཚོགས་ཁང་ཆེན་མོའི་ནང་། གློག་འོད་ཆེམ་ཆེམ་འཕྲོ་ཞིང་དགའ་སྤྲོའི་རྣམ་པས་ཁེངས། ཆུ་ཚོད20ཡི་སྟེང་། ཞི་ཅིན་ཕིང་བཅས་དགོང་ཚོགས་ཀྱི་ཚོགས་རར་ཕེབས་ལ། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།  དགའ་སྤྲོ་འཁོལ་བའི་མགོ་ཚུགས་གླུ་གར《མི་རིགས་སོ་སོའི་བུ་བུ་མོའི་སེམས་ཏང་ལ་ཕྱོགས་པ》ཞེས་པས། རིགས་སོ་སོའི་མི་དམངས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་འཁྲུངས་སྐར་ལ་སྨོན་འདུན་ཞུས་ཏེ། མགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས《མཐུན་སྒྲིལ་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ》ཞེས་པའི་འགོ་བརྩམས། དགོང་ཚོགས་ཧྲིལ་བོ་འགྲོ་ལམ་གསར་པ་གཏོད་པ་དང་། དུས་རབས་གསར་པར་འབད་པས་སྐྱོད་པ། རྒྱང་སྐྱོད་ལམ་བུ་གསར་པ་བརྩམ་པ་བཅས་ལེའུ་གསུམ་གྱིས་གྲུབ་ཡོད། སྙན་དབྱངས་རི་མོ《ཁྲག་རྒྱུན་མཉམ་འདྲེས》དང་།  ཞབས་བྲོ《གངས་ལྗོངས་ཀྱི་ཉི་དྲོད》 མཉམ་ལེན《རྒྱང་བཞུད་ཀྱི་ལོ་ཟླ》 སྣང་མཚོན་གླུ་གར《གྲོང་ཚོའི་ནང་གི་དྲ་སྦྲེལ་འཚོ་བ》 གཟུགས་འདས་རིག་གནས་ཀྱི་གླུ་གར《འོད་གསལ་མུ་ཏིག་ཀྲུང་ཧྭར་འཕྲོ》 དཀྲོལ་ལེན《བདེ་ལྡན་སྤྲོ་གླུ》 ཞབས་བྲོ《རྒྱང་བཞུད》སོགས་ཁྲབ་ཚན་རེ་རེར་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། མཚོན་ཚུལ་གྱི་རྣམ་པ་མང་ལ། དུས་རབས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་དེ། ལྟད་མོ་བའི་ཡིད་དབང་འཕྲོག་པས་དགོང་ཚོགས་དེ་མཐོ་རླབས་གསར་བར་སླེབས། དགོང་ཚོགས་ཧྲིལ་པོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། རིགས་སོ་སོའི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར། འོད་སྟོང་ལྡན་ཞིང་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་རིག་གནས་བཅས་ལ་བསྟོད་བསྔགས་བྱས། མི་རིགས་སོ་སོ་མི་དམངསས་སེ་འབྲུ་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བརྗིད་ཆགས་ཡིད་འོང་གི་དཔེ་རིས་མཚོན་ཡོད་དེ། ཀྲུང་ཧྭའི་བུ་ཕྲུག་གིས་ཀྲུང་ཧྭ་མི་རིགས་སྤྱི་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་བ། དཔའ་ངར་ཆེར་སྐྱེད་ཀྱིས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པ་བཅས་ཀྱི་བློ་སྟོབས་བརྟན་པོ་དང་དཔའ་ངར་ཉམས་འགྱུར་གང་ལེགས་སྒོས་མངོན་ཡོད། ཚོགས་ར་ཡོངས་སུ་དུས་དང་དུས་ངེས་མེེད་ལ་སྤྲོ་སེམས་འཁོར་བའི་ཐལ་མོ་རྡེབ་སྒྲ་གྲགས་ཡོང་། མཇུག་ཏུ། 《འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན》ཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་། མི་རིགས་སོ་སོའི་འཁྲབ་སྟོན་པའི་དགའ་སྤྲོའི་གར་སྟབས་ཁྲོད་དགོང་ཚོགས་མཇུག་སྒྲིལ་བ་རེད།

པར་འདི་ནི་འཁྲབ་སྟོན་མ་བྱས་གོང་ཞི་ཅིན་ཕིང་དང་བཅས་པས་རིག་རྩལ་མཉམ་འཁྲབ་ཀྱི་འཁྲབ་སྟོན་མི་སྣའི་འཐུས་མི་དང་རྩ་འཛུགས་ཨུ་ལྷན་གྱི་ཁོངས་མི། མི་རིགས56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

 འདི་ནི་འཁྲབ་སྟོན་མ་བྱས་གོང་ཞི་ཅིན་ཕིང་དང་བཅས་པས་རིག་རྩལ་མཉམ་འཁྲབ་ཀྱི་འཁྲབ་སྟོན་མི་སྣའི་འཐུས་མི་དང་རྩ་འཛུགས་ཨུ་ལྷན་གྱི་ཁོངས་མི། མི་རིགས56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

འཁྲབ་སྟོན་མ་བྱས་སྔོན། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རིག་རྩལ་མཉམ་འཁྲབ་ཀྱི་འཁྲབ་སྟོན་མི་སྣའི་འཐུས་མི་དང་རྩ་འཛུགས་ཨུ་ལྷན་གྱི་ཁོངས་མི། མི་རིགས56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་ཞིང་། ཁོང་ཚོ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན། 

ཏིང་ཞུའེ་ཞང་དང་། སུན་ཁྲུན་ལན། ཀྲང་ཡིའུ་ཞ། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། པད་མ་འཕྲིན་ལས། ཞའོ་ཅེ། མཱ་པེའོ། པ་ཐེར་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས། 

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་དྲུག་པ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་པ་རེད། འཁྲབ་སྟོན་གྱི་དུས་ཡུན་ནི་ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས24ཉིན་བར་རེད། དེའི་རིང་རྒྱལ་ཡོངས་ས་གནས་སོ་སོ་ནས་བདམས་པའི་འཁྲབ་སྟོན་འཁྲབ་ཚན42ཀྲུང་དབྱང་བརྙན་འཕྲིན་དྲ་བ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་དྲ་ཚིགས་སྟེང་སྟོན་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།