ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས》དང《བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་མདོར་བསྡུས》《སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་འབྲེལ་ཡོད་ལས་ཁུངས་རྩ་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས》དང《བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་མདོར་བསྡུས》《སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》བཅས་དངོས་སུ་དཔེ་སྐྲུན་བྱས་ཤིང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས》དང《བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་མདོར་བསྡུས》《སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》བཅས་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱད་གཞི་གལ་ཆེན་ཡིན་ལ། སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་པའི“ལོ་རྒྱུས་བཞི”ཡི་དྲིལ་བསྒྲགས་དང་སློབ་གསོ་སྤེལ་བའི་སྤྱོད་ཡིག་གལ་ཆེན་ཞིག་ཀྱང་ཡིན། ལོ་རྒྱུས་མདོར་བསྡུས་གསུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གང་ལེགས་མཚོན་ཡོད། ང་ཚོའི་ཏང་གི་ལོ་རྒྱུས་གནད་དོན་སྐོར་གྱི་གྲོས་ཆོད་གཉིས་དང་། ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་གཞིར་བཟུང་ནས། གནད་ལ་འཁེལ་བ་དང་གཏིང་ཟབ་པ། དོན་གསལ་བ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་འཁོར70ལྷག་གི་འབད་འཐབ་ལོ་རྒྱུས་རྒྱས་བཤད་བྱས་ཡོད། རང་རྒྱལ་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལྷག་རིང་གི་རྒྱ་ཆེ་བའི་ལག་ལེན་གྱི་ལོ་རྒྱུས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལོ་འཁོར500ལྷག་རིང་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་འཚོལ་ཞིབ་བྱས་ཡོད། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྔར་ལས་ལེགས་པའི་ལོ་རྒྱུས་ལ་སློབ་སྦྱོང་དང་གོ་བ་ལེན་པ། ཡང་དག་པའི་ལོ་རྒྱུས་ལྟ་བ་འཛུགས་པ་བཅས་ཀྱི་རོགས་རམ་བྱེད་ནུས་ལ། སྔར་ལས་རང་རྟོག་སྒོས་ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལྡན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པར་ཁྱོན་ལེའུ7དང་ས་བཅད40ཡོད་ཅིང་། ཡིག་འབྲུ་ཁྲི31ཡོད། དེ་མི་དམངས་དཔེ་སྐྲུན་ཁང་དང་དེང་རབས་ཀྲུང་གོའི་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས། 《བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པར་ཁྱོན་ལེའུ7དང་ས་བཅད44ཡོད་ཅིང་། ཡིག་འབྲུ་ཁྲི26ཙམ་ཡོད། དེ་མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས། 《སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པར་ཁྱོན་ལེའུ8དང་ས་བཅད39ཡོད་ཅིང་། ཡིག་འབྲུ་ཁྲི22ཙམ་ཡོད། དེ་མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པ་རེད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།