ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་རིའི་གནམ་གཤིས་ཐད་ཀྱི་ཆེད་བསྐོས་ཕོ་ཉས་གྲོལ་མོལ་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཚེས31ཉིན་བསྒྲགས་དོན། ཀྲུང་གོ་ཕྱོགས་ཀྱིས་གདན་དྲངས་པ་ལྟར་ཨ་རིའི་སྲིད་འཛིན་གྱི་གནམ་གཤིས་གནད་དོན་སྐོར་གྱི་ཆེད་བསྐོས་ཕོ་ཉ་ཡུའུ་ཧན·ཁུ་ལི་ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས3ཉིན་བར་ཀྲུང་གོར་འཚམས་འདྲི་བྱེད་དུ་ཡོང་རྒྱུ་རེད། དེའི་རིང་ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་སྐོར་གྱི་ཆེད་བསྐོས་ཕོ་ཉ་ཅེ་ཀྲེན་ཧྥ་ལགས་ཁུ་ལི་དང་མཉམ་དུ་ཐེན་ཅིང་དུ་ཀྲུང་གོ་དང་ཨ་རི་བར་གནམ་གཤིས་འགྱུར་ལྡོག་ཐད་མཉམ་ལས་དང་ཐེངས་ཉེར་དྲུག་པའི《མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་པའི་ཚོགས་ཆེན་སོགས་ཀྱི་ཐད་ལ་བསམ་ཚུལ་བརྗེ་རེས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།