ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས《དོ་དམ་སྔར་བས་ནན་པོ་བྱས་ནས་ནར་མ་སོན་པའི་མིའི་དྲ་རྒྱའི་རོལ་རྩེད་ལ་སེམས་གཡེང་བ་སྔོན་འགོག་ཏན་ཏིག་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》བཀྲམ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས《དོ་དམ་སྔར་བས་ནན་པོ་བྱས་ནས་ནར་མ་སོན་པའི་མིའི་དྲ་རྒྱའི་རོལ་རྩེད་ལ་སེམས་གཡེང་བ་སྔོན་འགོག་ཏན་ཏིག་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》བཀྲམ་སྟེ། ནར་མ་སོན་པའི་མིས་ཚད་བརྒལ་བེད་སྤྱོད་དང་དྲ་རྒྱའི་རོལ་རྩེད་ལ་སེམས་གཡེང་བའི་གནད་དོན་ལ་དམིགས་ནས། དོ་དམ་བྱེད་ཐབས་སྔར་བས་ནན་པོ་བྱས་ཤིང་། ནར་མ་སོན་པའི་མིས་དྲ་རྒྱའི་རོལ་རྩེད་ལ་སེམས་གཡེང་བ་སྔོན་འགོག་ཏན་ཏིག་བྱས་ནས། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ཡོང་བར་སྲུང་སྐྱོབ་ཡག་པོ་བྱེད་དགོས།

   བརྡ་སྦྱོར་ལས། གཟབ་ནན་སྒོས་ནར་མ་སོན་པའི་མིར་དྲ་རྒྱའི་རོལ་རྩེད་མཁོ་འདོན་ཞབས་ཞུའི་དུས་ཚོད་ཚད་བཀག་བཟོ་བ་དང་། དྲ་རྒྱའི་རྩེད་ཁེ་ལས་ཚང་མས་རེས་གཟའ་ལྔ་བ་དང་། དྲུག་པ། གཟའ་ཉི་མ། དེ་མིན་ཁྲིམས་བཅད་གུང་གསེང་གི་ཉིན་མོའི་དུས་ཚོད20ནས་དུས་ཚོད21བར་ནར་མ་སོན་པའི་མིར་དུས་ཚོད1རིང་གི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་དང་། དེ་ལས་གཞན་པའི་དུས་ཚོད་ནང་རྣམ་པ་གང་རུང་གིས་ནར་མ་སོན་པའི་མིར་དྲ་རྒྱའི་རོལ་རྩེད་ཞབས་ཞུ་མཁོ་འདོན་བྱས་མི་ཆོག་ལ། དྲ་རྒྱའི་རོལ་རྩེད་འཛད་སྤྱོད་ཐོ་འགོད་ཨང་གྲངས་ལ་དངོས་མིང་ཐོ་འགོད་བྱེད་པའི་བླང་བྱ་གཟབ་ནན་སྒོས་དོན་འཁྱོལ་བྱེད་པ་ལས། རྣམ་པ་གང་རུང་གིས་དངོས་མིང་མིན་པའི་ཐོ་འགོད་དང་། འཛད་སྤྱོད་མཁོ་འདོན་རོལ་རྩེད་ཞབས་ཞུ་མཁོ་འདོན་བྱེད་པ་དང་། རིམ་པ་སོ་སོའི་པར་སྐྲུན་དོ་དམ་སྡེ་ཁག་གིས་ནར་མ་སོན་པའི་མིས་དྲ་རྒྱའི་རོལ་རྩེད་ལ་སེམས་གཡེང་བའི་འབྲེལ་ཡོད་བྱེད་ཐབས་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣོན་བྱེད་པ་དང་། གཟབ་ནན་མི་བྱེད་པའི་དྲ་རྒྱའི་རོལ་རྩེད་ཁེ་ལས་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་པའི་བླང་བྱ་བཏོན། 

   བརྡ་སྦྱོར་ལས། ཧུར་ཐག་གིས་ཁྱིམ་ཚང་དང་། སློབ་གྲྭ་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་མཉམ་དུ་དོ་དམ་དང་མཉམ་བཅོས་བྱས་ཏེ། ནར་མ་སོན་པའི་མིའི་ལྟ་སྐུལ་བདག་སྐྱོང་འགན་འཁྲི་ལག་བསྟར་བྱས་ནས། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།