ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དྲིལ་སྒྲོག་དང་སློབ་གསོ་པུའུ་ཡི་པུའུ་ཀྲང་རོན་ཀྲུང་དབྱི་ལ་བརྙན་ལམ་བརྒྱུད་ནས་གྲོས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧུའུ་ཅིའམ་ཀྲུང་དབྱང་དྲིལ་སྒྲོག་དང་སློབ་གསོ་པུའུ་ཡི་པུའུ་ཀྲང་རོན་ཀྲུང་དབྱི་ལ་བརྙན་ལམ་བརྒྱུད་ནས་གྲོས་མོལ་གནང་།

ཧོང་ཁུན་མིང་གིས་བསྟན་དོན། ད་ལོ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་ཞིག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་ཐེངས་མང་པོར་གློག་འཕྲིན་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པར་ཤུགས་སྣོན་རྒྱབ་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་རྒྱལ་ཁབ་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོ་བའི་མགོ་ཁྲིད་ཀྱི་ཐུན་མོང་གི་ལྟ་བ་ནན་ཏན་སྒོས་ལག་བསྟར་བྱ་རྒྱུ་དང་། དྲིལ་སྒྲོག་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མུ་མཐུད་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བའི་ནང་སྙིང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

རོན་ཀྲུང་དབྱི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་བསམ་བློ་བརྗེ་རེས་དང་མཉམ་ལས་ཕྱོགས་ལ་ཤུགས་སྣོན་རྒྱག་རྒྱུའི་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་ཇེ་ཟབ་ཏུ་གྱུར་བ་དང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།