ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་ཏེ། “ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན”ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་མགོ་ཚུགས་ཚོགས་འདུར་ཞུགས། 

ཚེས30ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་ཏེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་མགོ་ཚུགས་ཚོགས་འདུར་ཞུགས།  

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཤིང་སྙན་ཞུ་ཕུལ་ལ། ཡུལ་དངོས་སུ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་མགོར་གསན། ཀུའོ་ཧྲེང་ཁུན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བདེ་འཇགས་ཀྲུང་གོ་བསྐྲུན་པར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པར་བདེ་འཇགས་ཀྲུང་གོ་བསྐྲུན་པར་མཛུབ་ཁྲིད་བྱས་ཏེ་ཟམ་མི་ཆད་པར་ཡུལ་ཁམས་གསར་པ་བཏོད་ཡོད། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་བསྐྲུན་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དགོས་ལ། “འདུ་ཤེས་བཞི”གཏིང་ཟབ་དང“ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་རྩེ་གཅིག་ཏུ་དམིགས་ནས། དུས་རིམ་རང་བཞིན་གྱི་དམིགས་འབེན་དང་ལས་འགན་སྔར་བས་ཁ་གསལ་བཟོ་དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བཅས་བྱ་དགོས། རྒྱུན་མི་ཆད་པར་འགལ་བ་དང་ཉེན་ཁ་ཚབས་ཆེན་འགོག་སེལ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་རིམ་ལྡན། རྒྱལ་ཁབ་ཡུན་རིང་བདེ་བཀོད་བཅས་ཡོང་བར་ཁག་ཐེག་ཏན་ཏིག་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་ཡིས་མགོ་ཚུགས་ཚོགས་འདུར་མགོ་འཛིན་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་བསྐྲུན་རྒྱུ་ནི། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བའི་ལྡོག་མེད་བླང་བྱ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས། ཚོགས་འདུའི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ། གང་བསམ་ལྷུག་གླེང་དང་རང་ལྟ་ཞིབ་བརྗོད་བྱས་ནས། རིན་ཐང་ལྡན་པ་དང་མཐོང་རྒྱ་ཆེ་བའི་བསམ་འཆར་དང་གྲོས་མགོ་བཏོན་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། 

ཧྲེན་ཏེ་ཡུང་དང་ཨོའུ་དབྱང་མིང་ཀའོ། ཀྲང་ཞིན་ཁའེ། ཡུས་རུའུ་ཚུང་། ཧྲུའུ་ཞའོ་ཆིན། སུན་ཆན་བཅས་རྒྱུན་ལས་ཨུ་ཡོན6གིས་ཚོགས་ཆེན་ཐོག་གཏམ་བཤད་གནང་སྟེ་བསམ་འཆར་དང་གྲོས་མགོ་བཏོན། 

ཚོགས་འདུའི་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁུངས་མིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ”དང“ཉེན་ཁ་ཚབས་ཆེན་འགོག་སེལ་དང་དཔལ་འབྱོར་སྔར་ལས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་པ” “རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྔར་ལས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་པ” “རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཆེན་དང་སྤྱི་པའི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་བཏང་ནས་ཚན་རྩལ་གྱི་འདེགས་སྐྱོར་སྔར་ལས་ནུས་ལྡན་དང་མི་དམངས་ཀྱི་ཚེ་སྲོག་སྔར་ལས་བདེ་འཇགས་སུ་གཏོང་བ” “སྤྱི་ཚོགས་བཅོས་སྐྱོང་ལ་གསར་གཏོད་དང་ཤུགས་སྣོན་རྒྱབ་ནས་སྤྱི་ཚོགས་སྔར་ལས་བདེ་འཇགས་ཡོང་བ”སོགས་ཀྱི་ཆེད་དོན་བརྗོད་གཞིར་གྲོབ་སྡུར་བྱས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆི་པའོ་དང་། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མ་པེའོ། ཁྲེན་ཞའོ་ཀོང་། ལེང་ཀྲེན་དབྱིན། ཞ་པའོ་ལུང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥུང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།