ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟེན་པོར་ཆགས་སུ་བཅུག་སྟེ་བསྐྱར་དར་ཕུགས་འདུན་ཆེན་པོ་དུས་མཉམ་དུ་མངོན་འགྱུར་བྱེད་དགོས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : གསང་དག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟེན་པོར་ཆགས་སུ་བཅུག་སྟེ་བསྐྱར་དར་ཕུགས་འདུན་ཆེན་པོ་དུས་མཉམ་དུ་མངོན་འགྱུར་བྱེད་དགོས། 

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་རིགས་སོ་སོའི་བུ་ཕྲུག་རྣམས་ལ་སྐུལ་འདེད་བྱས་ཏེ་ལག་གདང་སྦྲེལ་བའི་སྒོ་ནས་རྒྱང་སྐྱོད་གསར་པའི་བགྲོད་ལམ་སྟེང་སྐྱོད་པར་འབད་བརྩོན་བྱེད་དགོས། 

“དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་ལེགས་པར་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པ་དེ་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་ཏུ་འཛིན་དགོས།”

ཉིན་དུ་མའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་ལ་སྤྱི་ཚོགས་སྟེང་ལན་ཆ་ཆེན་པོ་བྱུང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པའི་སྟེང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པ་དེ་གཙོ་ཐིག་བྱས་ཏེ། མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ཅིང་ཐུན་མོང་འབད་བརྩོན་སྒོས་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེན་མོའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་ཚང་མས་བཤད། 

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་སེམས་གཏིང་ལ་འཇགས་སུ་འཇུག་དགོས། 

“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི‘རྩ་འཛིན’ཡིན་པས་ལས་དོན་ཡོད་ཚད་དེ་དང་སྦྲེལ་དགོས།” 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བསམ་བློ་རང་བཞིན་དང་གཞུང་ལུགས་རང་བཞིན་ཆེན་པོ་ལྡན་ཞིང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྲུང་གོ་ཅན་མངོན་འགྱུར་བྱས་པའི་གྲུབ་འབྲས་གསར་བ་ཡིན”པ་དང་། “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པའི་ཆོད་གཏམ་གལ་ཆེན་འདིའི་ནང་དོན་ཟབ་མོར་ཞིབ་འཇུག་གཏིང་ཟབ་བྱེད་ཅིང་། ཞིབ་འཇུག་འགྲེལ་བརྗོད་བྱ་བ་ལེགས་པར་བསྒྲུབས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་སྔར་ལས་སེམས་ལ་འཇགས་པར་བྱེད་དགོས”ཞེས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་ཆགས་པའི་ཞིབ་འཇུག་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་མཱ་ཀུའོ་ཆིང་གིས་བཤད། 

ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་ནི། རིགས་སོ་སོའི་མི་དམངས་ལ་དཀའ་སྡུག་མཉམ་མྱོང་དང་། གཟི་བརྗིད་དང་བརྙས་བཅོས་མཉམ་མྱོང་། ཤི་གསོན་མཉམ་མྱོང་། ལས་དབང་མཉམ་མྱོང་བཅས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱེད་དགོས་པ་དེ་ཡིན། ཉེ་བའི་ལོ་འགའི་རིང་། ནང་སོག་ཁྲི་ཧྥུན་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་གསོ་སྦྱོང་སློབ་གསོ་སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁེབས་པའི་འགུལ་སྐྱོད་སྤེལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་འབྲོལ་ཁུལ་དང་སྡེ་ཁུལ། སློབ་གླིང་། ཁེ་ལས་བཅས་སུ་སྐྱོད་པར་སྐུལ་འདེད་བྱས། 

ཁྲི་ཧྥུན་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་སི་ཆིན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་དང་མི་རིགས་ཐུན་སྒྲིག་ཡར་ཐོན་གསར་འཛུགས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་སོགས་འཇུག་སྒོ་རབ་དང་རིམ་པ་བརྒྱུད་དེ། རིགས་སོ་སོའི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་བསམ་བློའི་ངོས་ལེན་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་ཞེས་བསྟན། 

“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པར་སྐུལ་འདེད་གཏོང་བར་ང་ཚོའི་བོད་སྐྱོར་བྱ་བའི་ཁྲོད་བྱེ་བྲག་ཏུ་མངོན་པར་བྱེད་དགོས་ཤིང་། འབད་བརྩོན་བརྒྱུད་དེ་མུ་མཐུད་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་དགོས”པ་དང་། ང་ཚོས་བོད་ལྗོངས་ནི་རང་གི་ཕ་ཡུལ་དུ་བཟུང་ནས་བོད་པ་རྣམས་རང་གི་ནང་མིར་བརྩིས་ཏེ། མུ་མཐུད་དུ་མང་ཚོགས་ཀྱི་སྐྱིད་སྣང་མཐོར་བཏེགས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས་ཞེས། ཅཱང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྐོར་དགུ་པའི་ལས་དོན་ཚན་ཆུང་གི་ཚན་གཙོའམ་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྗོང་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཧྲི་ཡུན་ཅུན་གྱིས་བཤད།

ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས། 

“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པ་དེ་དུས་དང་རྣམ་པ་ཀུན་ཏུ་སྡེ་ཁུལ་ལས་དོན་གྱི་གཙོ་ཐིག་ཏུ་འཛིན་རྒྱུ་ནི། ང་ཚོས་སྡེ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་མཐུན་སྒྲིལ་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། ང་ཚོས་དུས་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ་ཡིན”ཞེས་ཀོང་ཞི་ནན་ཉིང་ཀྲུང་ཧྭ་སྲང་ལམ་དཀྱིལ་མའི་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞི་ཧྭ་ཅོན་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་ལྟར་བཤད། 

“ཀྲུང་ཧྭ་སྲང་ལམ་དཀྱིལ་མའི་སྡེ་ཁུལ་དུ། གྲངས་ཉུང་མི་རིགས་ཀྱིས་སྡེ་ཁུལ་སྤྱིའི་མི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་པ་དང་། མི་རིགས་མང་པོ་མཉམ་སྡོད་མཉམ་སྐྱིད་ཀྱི་རྣམ་པ་གང་སར་མཐོང་ཐུབ། གྲངས་ཉུང་མི་རིགས་མང་ཚོགས་ལ་རོགས་རམ་བྱས་ཏེ་ཉེར་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་བཞག་བཅས་ཀྱི་གནད་དོན་ཐག་གཅོད་པ་ནི་སྡེ་ཁུལ་མི་རིགས་མཐུན་སྒྲིལ་ལས་དོན་ལེགས་པར་སྒྲུབ་པའི་རྩ་བ་ཡིན”པ་དང་། རྗེས་ཕྱོགས་སུའང་ང་ཚོས་རིགས་སོ་སོའི་མང་ཚོགས་ཀྱིས་གང་བསམ་པ་དེ་མུ་མཐུད་དུ་རྒྱུས་ལོན་ཟབ་མོ་བྱེད་ཅིང་། སྡེ་ཁུལ་གྱི་བྱེད་སྒོ་རྣམ་པ་གསར་གཏོད་བྱས་ཏེ། མུ་མཐུད་དུ་རིགས་སོ་སོའི་སྡོད་དམངས་ཀྱི་བར་ཐག་ཇེ་ཉེར་གཏོང་རྒྱུ་ཡིན་ཞེས་ཞི་ཧྭ་ཅོན་གྱིས་བཤད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྐྲུན་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཡུལ་གཞན་གནས་སྤོར་གྱི་ཕན་འབྲས་རེག་པའི་ཧྲུའེ་རིགས་སྡོད་དམངས་ཝེ་ཞིའུ་ཆའོ་ནི་ཀུའེ་ཀྲོའུ་ཞིང་ཆེན་རུང་ཅཱང་རྫོང་ཀུའུ་ཀྲོའུ་གྲོང་རྡལ་ཀའོ་ཞིང་སྡེ་བ་ནས་རུང་ཅཱང་རྫོང་ཝོ་ལུང་སྡེ་ཁུལ་གྱི་ཁྱིམ་གསར་དུ་གནས་སྤོར་བ་དང་། ཁོས“གནས་སྤར་བའི་ལོ་འདི་འགའི་རིང་ལ། སྡེ་ཁུལ་དུ་ཀུན་སྤྱོད་ཁྲིད་སྟེགས་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་སོགས་ཀྱི་འདུ་གནས་བཙུགས་པ་དེས། སྡོད་དམངས་ཀྱི་ཤེས་རྒྱ་དང་ནུས་པ་དུས་ལྟར་རྒྱ་སྐྱེད་ཐུབ་པས། ང་ཚོའི་བསམ་པའི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང”བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བསམ་བློ་འདུ་ཤེས་དང་བསམ་པའི་སྤྲོ་སྣང་། འཚོ་བ་རོལ་སྟངས་བཅས་ཀྱི་སྟེང་ནས་དེང་རབས་ཅན་དུ་སྐྱོད་དགོས་པའི་བླང་བྱ་བཏོན་ཅིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ཡིད་ལ་དམ་པོར་བཟུང་སྟེ། ང་ཚོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཞེས་བཤད། 

2010ལོའི་ཟླ8པ་ནས་ད་ལྟའི་བར། ཅཱང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ན་གཞོན་དགེ་རྒན་ཝང་ཡུན་ཅུན་ནི་ཡུན་ནན་ཞིང་ཆེན་ཉིང་ལང་དབྱི་རིགས་རང་སྐྱོང་རྫོང་ཉིང་ཧའེ་མི་རིགས་སློབ་འབྲིང་དུ་རོགས་སྐྱོར་དགེ་རྒན་ལོ11ལ་བྱས་ཤིང་། སློབ་མ་ཕུལ་བྱུང་སྐོར་ཞིག་གསོ་སྐྱོང་བྱས་ཏེ། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་མཛའ་བརྩེ་ཟབ་མོ་ཆགས་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས། ཝང་ཡུང་ཅུན་གྱིས་རང་ཉིད་ཀྱི་བྱ་བར་ངོས་ཟིན་སྔར་ལས་ཟབ་མོ་བྱུང་ཡོད། ཁོས“རང་ཉིད་རོགས་སྐྱོར་དགེ་རྒན་ཞིག་ཡིན་པའི་ཆ་ནས། བྱིས་པ་ཚོར་རོགས་བྱས་ནས་སློབ་སྦྱོང་གི་རྒྱུགས་འབྲས་མཐོར་འདེགས་དགོས་པར་མ་ཟད། མི་རིགས་འབྲེལ་འདྲིས་མཉམ་འདྲེས་ཀྱི་ཕོ་ཉ་ཞིག་དེ་བས་ཀྱང་བྱེད་དགོས་ཤིང་། ཁོ་ཚོར་རོགས་རམ་སྒོས་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་བརྟན་པོར་ཆགས་པར་བྱས་ནས། ཀྲུང་ཧྭར་དགའ་བའི་འདུ་ཤེས་བྱིས་པ་ཚོའི་སེམས་གཏིང་དུ་ཆགས་སུ་འཇུག་དགོས”ཞེས་བཤད། 

མི་རིགས་བྱ་བའི་རྣམ་པ་གསར་པ་མུ་མཐུད་དུ་བསྐྲུན་དགོས། 

ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཆེན་མོའི་གཞི་རྩའི་བླང་བྱ་ཡིན། 

ཟླ8པའི་ཚེས28ཉིན། ཉིང་ཞ་རང་སྐྱོང་ལྗོངས་ཏང་ཨུའི་ཏང་གི་སློབ་གྲྭར་གསོ་སྦྱོང་བྱེད་བཞིན་པའི་ཉིང་ཞ་ཞི་ཅི་རྫོང་མཱ་ཅན་ཤང་གི་ཏང་ཨུའི་ཧྲུའུ་ཅི་མཱ་ཨའེ་ཕིང་གིས་ཉིན་གཅིག་གི་སློབ་སྦྱོང་མཇུག་རྫོགས་རྗེས། མྱུར་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས། 

“ན་ནིང་དབུལ་ཐར་བྱུང་རྗེས། མཱ་ཅན་ཤང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྟེང་མུ་མཐུད་དུ་ཤུགས་འདོན་བཞིན་པའི་སྒང་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་གཏོང་དགོས”པ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་ཅིང་། དྲིལ་སྒྲོག་སློབ་གསོ་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འབྲེལ་བའི་ཉེ་འགྲམ་གྱི་དོན་བྱ་སྔོག་འདོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བློར་ངེས་ཤིང་སེམས་ལ་འཇགས་པ་དང་། རྒྱུན་གོམས་སུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མཱ་ཨའེ་ཕིང་གིས་བཤད། 

རིག་གནས་ཀྱི་ངོས་ལེན་ནི་ཆེས་གཏིང་ཟབ་མོའི་ངོས་ལེན་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་རྩ་བ་དང་། མི་རིགས་འཆམ་མཐུན་གྱི་བླ་སྲོག་ཀྱང་ཡིན། 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པའི་ཆེས་གཏིང་ཟབ་པའི་མྱོང་ཚོར་ནི། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པར་ཁ་ཞེ་གཉིས་མེད་ཡིན་དགོས་པར་མ་ཟད། རིག་གནས་ཀྱི་ངོས་ལེན་དེ་བས་ཀྱང་ཡོད་དགོས”པ་དང་། སློབ་མའི་ཀྲུང་ཧྭའི་རིག་གནས་ཀྱི་ངོས་ལེན་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་དང་། ན་གཞོན་མི་རབས་ཀྱི་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་ལེན་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ངོས་ལེན་གྱི་བློ་སྤོབས་ཇེ་དྲག་ཏུ་གཏོང་དགོས་ཞེས་མཚོ་སྔོན་ཞིང་ཆེན་མིན་ཡོན་ཧའེ་རིགས་རང་སྐྱོང་རྫོང་སློབ་གསོ་ཅུའུ་ཡི་སློབ་སྒྲུབ་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཁུང་ཆིང་ཅུའུ་ཡིས་དེ་ལྟར་བཤད། 

“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་སྟེང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པའི་ཕྱོགས་ནས་མུ་མཐུད་དུ་བརྩོན་པར་བརྟེན་ནས་ནུས་པ་འདོན་དགོས”པ་དང་། རྗེས་ཕྱོགས་སུ་རྣམ་པ་དང་ཐབས་ལམ་གསར་གཏོད་བྱས་ཏེ། ལས་བྱེད་མང་ཚོགས་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ལྷག་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་བརྟན་པོར་ཆགས་པའི་སློབ་གསོ་ཟབ་མོར་སྤེལ་ཞིང་། མི་རིགས་སོ་སོའི་བར་རྒྱ་ཁྱབ་ཏུ་འབྲེལ་འདྲིས་དང་མཉམ་འདྲེས་ལ་སྐུལ་འདེད་བྱེད་པ་དང་། རིགས་སོ་སོའི་ཀྲུང་ཧྭའི་རིག་གནས་ཀྱི་ངོས་ལེན་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་མདུན་སྐྱོད་ལ་སྐུལ་འདེད་བྱེད་པའི་བསམ་བློ་སྟོབས་ཆེན་གྱི་ཟིལ་ཤུགས་འདུས་པར་བྱེད་དགོས་ཞེས་ཞིན་ཅང་ཧཱ་སྨི་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིའུ་ཞིན་ཅན་གྱིས་དེ་ལྟར་བཤད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།